ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > མཚོ་སྔོན་གྱི་བོད་རྒྱ་སྐད་གཉིས་བསླབ་དེབ་དཔེ་སྐྲུན་གྱི་མིང་ཐོ་འགོད་པའི་མཛད་སྒོ་བསྡུས།
མཚོ་སྔོན་གྱི་བོད་རྒྱ་སྐད་གཉིས་བསླབ་དེབ་དཔེ་སྐྲུན་གྱི་མིང་ཐོ་འགོད་པའི་མཛད་སྒོ་བསྡུས།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-06-13 10:52:00
ཀློག་གྲངས།:
ཉེ་ལམ། 2014ལོ་ནས2015ལོའི་བོད་རྒྱ་སྐད་གཉིས་བསླབ་དེབ་དཔེ་སྐྲུན་གྱི་གན་རྒྱ་འཇོག་པའི་མཛད་སྒོ་དེ་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་བསྡུས་ཤིང་། རྒྱལ་ཁབ་མི་རིགས་དཔེ་སྐྲུན་ཁང་དང་། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་མི་རིགས་སློབ་གསོ་ཁྲུའུ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་འགན་ཁུར་མི་སྣ་བཅས་ཐེངས་འདིའི་མཛད་སྒོར་ཞུགས།
ཉེ་བའི་ལོ་འདི་འགའི་རིང་། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་སྐད་གཉིས་བསླབ་དེབ་འཛུགས་སྐྲུན་ཐད་དོ་སྣང་ཆེན་པོ་བྱེད་ཅིང་། མ་དངུལ་སྒོར་ཁྲི250ལྷག་བཏང་། དེ་ཡང་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་དགེ་རྒན་ཚོ་གཙོ་བྱས་ཏེ་སྐད་གཉིས་བསླབ་དེབ60ལྷག་རྩོམ་སྒྲིག་དང་ཡིག་སྒྱུར་བྱས་ནས་དཔེ་སྐྲུན་བྱེད་པ་དང་། དེ་སྔར་དཔེ་སྐྲུན་བྱས་པའི་བསླབ་དེབ18ཀྱི་རྨང་གཞིའི་སྟེང2014ལོ་ནས2015ལོའི་བར་བོད་རྒྱ་སྐད་གཉིས་བསླབ་དེབ42ལྷག་རྩོམ་སྒྲིག་དཔེ་སྐྲུན་བྱེད་པའི་འཆར་གཞི་འཐེན་ཡོད་ལ། བོད་རྒྱ་སྐད་གཉིས་བསླབ་དེ་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་གསལ་ལྡན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།