ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སྐབས་གཉིས་པའི་བོད་ཀྱི་ཟློས་གར་རིག་གནས་དུས་ཆེན་མཇུག་སྒྲིལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-09 11:09:00 ཀློག་གྲངས།:


ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སྐབས་གཉིས་པའི་བོད་ཀྱི་ཟློས་གར་རིག་གནས་དུས་ཆེན་སྤེལ་བ།

      ཟླ6པའི་ཚེས3ཉིན་གྱི་དགོང་མོ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཏང་ཨུའི་དྲིལ་སྒྲོག་པུའུ་དང་སློབ་མའི་བྱ་བའི་ཁྲུའུ།  སློབ་གྲྭའི་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་། བོད་རིག་པའི་སློབ་གླིང་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་དང་། བོད་རིག་པའི་སློབ་གླིང་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་དང་སློབ་མའི་ཚོགས་པས་འགན་སྒྲུབ་གནང་བའི་སྐབས་གཉིས་པའི་མཐུན་སྒྲིལ་མཉམ་བསྐྱོད་ཅེས་པའི་བོད་ཀྱི་ཟློས་གར་རིག་གནས་དུས་ཆེན་མཇུག་སྒྲིལ་བའི་མཛད་སྒོ་དང་འཁྲབ་སྟོན་རྟིང་རྩོད་འགྲན་བསྡུར་དེ་ཞིན་ཤིན་ཟློས་གར་ཁང་དུ་གཟབ་རྒྱས་ངང་སྤེལ་ལ། སློབ་གྲྭའི་འབྲེལ་ཡོད་འགོ་ཁྲིད་ཐེངས་འདིའི་བྱ་འགུལ་དུ་ཞུགས་ཡོད།

ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སྐབས་གཉིས་པའི་བོད་ཀྱི་ཟློས་གར་རིག་གནས་དུས་ཆེན་མཇུག་སྒྲིལ།
ཟློས་གར་འཁྲབ་སྟོན་བྱེད་པ།

      ཐེངས་འདིའི་འགྲན་བསྡུར་དུ་ཁམས་པའི་བརྙན་འཕྲིན་ཁང་གི་ཆེད་དོན་རིག་རྩལ་ཁག་གི་འགོ་གཙོ་གཞོན་པའམ་མིང་གྲགས་མདོ་འཛིན་པ་བྱམས་པ་རྡོ་རྗེ་དང་། རྒྱལ་ཁབ་རིམ་པ་དང་པོའི་རྒྱང་སྒྲོག་པའམ་ལྷོ་ནུབ་མི་རིགས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གློག་བརྙན་འཕྲིན་འཁྲབ་སྟོན་གླིང་གི་དགེ་རྒན་ཉི་སྒྲོན། སི་ཁྲོན་བྲོ་གར་པའི་མཐུན་ཚོགས་ཀྱི་འགོ་གཙོ་གཞོན་པའམ་ལྷོ་ནུབ་མི་རིགས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་གླིང་གཙོ་གཞོན་པ་འབྲུག་ཐར་བཅས་ཆེད་དུ་གདན་དྲངས་ཏེ་དཔྱད་འདེམ་པའི་འགན་བཞེས།


ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སྐབས་གཉིས་པའི་བོད་ཀྱི་ཟློས་གར་རིག་གནས་དུས་ཆེན་མཇུག་སྒྲིལ།

      འགྲན་བསྡུར་ལ《བཀྲ་ཤིས་པའི་བྲོ་གར》ཞེས་པ་ལས་དངོས་སུ་མགོ་བརྩམས་ཤིང་། 《རྒྱ་བཟའ་ཀོང་ཇོ》དང《དྲི་མེད་ཀུན་ལྡན》། 《སྣང་ས་འོད་འབུམ》། 《ཧོར་གླིང་གཡུལ་འགྱེད》སོགས་བོད་ཀྱི་སྲོལ་རྒྱུན་ཟློས་གར་དག་སློབ་མ་རྣམས་ཀྱིས་ཅུང་གསར་སྣོན་བྱས་རྗེས་སྐྱེ་སྟོབས་ལྡན་པའི་སྒོ་ནས་གར་སྟེགས་སུ་འཁྲབ་སྟོན་བྱས་མཐར། མི་རིགས་རིག་པའི(བོད་རིག་པ)1201འཛིན་གྲྭས་འཁྲབ་སྟོན་བྱས་པའི《ཧོར་གླིང་གཡུལ་འགྱེད》ཅེས་པར་བོད་ཀྱི་ཟློས་གར་འཁྲབ་སྟོན་རྟིང་རྩོད་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་ལ། དཔྱད་འདེམ་པ་བྱམས་པ་རྡོ་རྗེའི་སྤྱི་བསྡོམས་འོག་བདེ་བླག་ངང་མཇུག་སྒྲིལ་བ་དང་ཆབས་ཅིག  སྐབས་གཉིས་པའི་མཐུན་སྒྲིལ་མཉམ་བསྐྱོད་ཅེས་པའི་བོད་ཀྱི་ཟློས་གར་རིག་གནས་དུས་ཆེན་ཡང་བདེ་བླག་ངང་མཇུག་སྒྲིལ་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།