མང་རྫོང་བོད་ཡིག་སློབ་འབྲིང་དུ་སྒྱུ་རྩལ་བརྩམས་ཆོས་ཀྱི་འགྲེམ་སྟོན་སྤེལ།

རྩོམ་པ་པོ།:ལྕང་སྐྱེས་རྟ་མགྲིན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-04 08:44:00 ཀློག་གྲངས།:


མང་རྫོང་བོད་ཡིག་སློབ་འབྲིང་གི་ཡིག་གཟུགས་རི་མོའི་དགའ་ཕྱོགས་འཛིན་གྲྭས་
བརྩམས་ཆོས་འགྲེམ་སྟོན་སྤེལ།(པར་བ། བསོད་ནམས་དབང་རྒྱལ།)

      ཉེ་སྔོན། མང་རྫོང་བོད་ཡིག་སློབ་འབྲིང་གིས་ཡིག་གཟུགས་རི་མོའི་དགའ་ཕྱོགས་འཛིན་གྲྭའི་དགེ་རྒན་ཚོའི་རོགས་སྐྱོར་འོག་ཅུང་གཞི་རྒྱ་ཆེ་བའི་ཡིག་གཟུགས་རི་མོ་དང་། འཇིམ་བཟོས་བོད་ཀྱི་སྲོལ་རྒྱུན་ཅ་ལག ཤོག་དྲས་དང་གཙགས་དྲུབ་སོགས་རིག་གནས་སྒྱུ་རྩལ་སྣ་ཁ5ཙམ་འགྲེམ་སྟོན་ནས་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ་ཡིན།

མང་རྫོང་བོད་ཡིག་སློབ་འབྲིང་གི་ཡིག་གཟུགས་རི་མོའི་དགའ་ཕྱོགས་འཛིན་གྲྭས་ བརྩམས་ཆོས་འགྲེམ་སྟོན་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ།
ཡུལ་དངོས་ཀྱི་རྣམ་པ།
(པར་བ། བསོད་ནམས་དབང་རྒྱལ།)

      སྐབས་འདིར་མང་རྫོང་བོད་ཡིག་སློབ་གྲྭས་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་ཡང་དག་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ལོ་ངོ་དུ་མའི་རིང་ལ་སློབ་གླིང་བསླབ་ཕྱིའི་རིག་གནས་ཀྱི་བྱ་འགུལ་རྣམ་པ་མང་ཞིང་ནང་དོན་གྱི་བྲོ་བ་ཕུན་སུམ་ཇེ་ཚོགས་དང་། ཕྱོགས་ཡོངས་ནས་སློབ་མའི་དགའ་ཕྱོགས་སྐྱེད་བསྲིང་དང་འཇོན་ནུས་སྔོག་འདོན་བྱེད་པའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཆེད་ཡིག་གཟུགས་དང་རི་མོ། ཞབས་བྲོ་དང་གླུ་དབྱངས། ལུས་རྩལ། དམངས་གླུ་སོགས་ཀྱི་དགའ་ཕྱོགས་འཛིན་གྲྭ་དང་འགྲན་བསྡུར་གྱི་སྟེགས་བུ་རབ་དང་རིམ་པར་བསྒྲུབས་པ་ཡིན།


བྱ་དགའ་ཐོབ་པའི་སློབ་མ།
(པར་བ། བསོད་ནམས་དབང་རྒྱལ།)

      འགྲན་བསྡུར་བྱ་འགུལ་འདིས་ལོ་ངོ་གཉིས་གསུམ་རིང་ལ་བསྒྲུབས་པའི་བསླབ་ཕྱིའི་རིག་གནས་བྱ་འགུལ་གྱི་དགེ་མཚན་མཐོང་ཞིང་ལྷག་པར་དུ་ཡིག་གཟུགས་རི་མོའི་དགའ་ཕྱོགས་འཛིན་གྲྭ་དང་དེའི་བྱ་བའི་གྲུབ་འབྲས་ལ་ཡང་དག་གིས་མཐའ་སྡོམ་ཚད་འཇལ་བྱས་ཡོད་པ་མ་ཟད། མིག་མཐོང་ལག་ཟིན་གྱི་བརྩམས་ཆོས་འདི་དག་གིས་དགེ་སློབ་ཀུན་གྱིས་མིག་དབང་འཕྲོག་པ་དང་ཡིད་ཀྱིས་ཁས་ལེན་འཐོབ་ཡོད།
      སློབ་གླིང་སློབ་གསོ་ནི་ཤེས་བྱ་སློབ་པ་དང་མི་གཞི་གསོ་སྐྱོང་། འཇོན་ནུས་སྐྱེད་བསྲིང་བཅས་གོང་བུ་གཅིག་ཏུ་སྒྲིལ་བའི་སློབ་གསོའི་མ་ལག་ཆ་ཚང་ཞིག་ཡིན་དགོས་སྟབས་མང་རྫོང་བོད་ཡིག་སློབ་འབྲིང་གིས་ལོ་འདི་དག་རིང་ལ་བྱ་བ་དེ་གནད་ཆེ་ས་ཞིག་ལ་བཞག་ནས་ཧུར་བརྩོན་བྱས་མཐར་ད་སྔ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་དང་ལེན་བཞིན་འདུག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།