བོད་ལུགས་གསོ་རིག་གི་དཔེ་རྙིང་མྱུར་སྐྱོབ་ཀྱི་དཔེ་ཚོགས་ཚོང་རར་བཀྲམ་པ།
རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ཆར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོས་ལོ་ངོ་བཞི་ཡིས་རིང་དུ་བསྒྲིགས་པའི《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》ཞེས་པའི་གླེགས་བམ30ཅན་གྱི་དཔེ་ཚོགས་དེ་དངོས་སུ་ཚོང་རར་བཀྲམ་པས། བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་གཞུང་ལུགས་དང་སྨན་བཅོས་བྱེད་ཐབས་དེ་ཡང་བསྐྱར་མངོན་ཐུབ་བྱུང་།
ལས་གཞི་འདི་ནི2013ལོའི་རྒྱལ་ཁབ་ཀྱི་པར་སྐྲུན་ཐེབས་རྩའི་ལས་གཞི་ཞིག་ཡིན་ཞིང་། རོགས་སྐྱོབ་མ་དངུལ་སྒོར་ཁྲི1100ཐོབ་པ་དང་། ཉེ་བའི་ལོ་ནང་བོད་ལྗོངས་ཀྱི་ཆེས་ཆེ་བའི་རྒྱལ་ཁབ་ཀྱི་པར་སྐྲུན་ཐེབས་རྩའི་རོགས་སྐྱོབ་ལས་གཞི་ཞིག་ཀྱང་ཡིན་པ་རེད།《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》ཞེས་པའི་དཔེ་ཚོགས་སུ་གླེགས་བམ30དང་ཡིག་འབྲུ་བྱེ་བ27ཡོད་པ་དང་། བྲིས་མའི་པར་གཞི་ཏག་ཏག་ཡིན་པ་རེད། དཔེ་ཚོགས་དེའི་ཁྲོད་བོད་ལུགས་གསོ་རིག་དང་སྐར་རྩིས་སོགས་ཀྱི་དཔེ་རྙིང་རྩ་ཆེན་བྲིས་མ་དེབ100བསྡུ་སྒྲིག་བྱས་འདུག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com