《བོད་ལྗོངས་ཀྱི་གནའི་བཟོ་བཀོད》ཞེས་པའི་ཐོག་མའི་མ་ཟིན་ལེགས་འགྲུབ་བྱུང་བ།
བོད་ཀྱི་གནའ་བོའི་བཟོད་བཀོད་གྲགས་ཅན་ཏེ་ཕོ་བྲང་པོ་ཏ་ལ།
ཟླ6པའི་ཚེས8ཉིན། 《བོད་ལྗོངས་ཀྱི་གནའི་བཟོ་བཀོད》ཞེས་པའི་རྩོམ་སྒྲིག་བྱ་བའི་གྲོས་མོལ་ཚོགས་འདུ་ལྷ་ས་ནས་བསྡུས་ཤིང་། ཀྲུང་གོའི་བཟོ་བཀོད་སློབ་ཚོགས་དང་། བོད་ལྗོངས་སློབ་ཆེན། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་སོགས་ནས་ཡོང་བའི་ཆེད་མཁས་རྣམས་ཀྱིས་རྩོམ་སྒྲིག་ཐད་ནས་གྲོས་བསྡུར་རྒྱ་ཆེན་པོ་གནང་བ་རེད།
《བོད་ལྗོངས་ཀྱི་གནའི་བཟོ་བཀོད》ཞེས་པའི་ཞིབ་འཇུག་དང་རྩོམ་སྒྲིག་བྱ་བ་དེ2010ལོར་དངོས་སུ་འགོ་བརྩམས་ཤིང་། མིག་སྔར་ཐོག་མའི་མ་ཟིན་ཡོངས་ལེགས་འགྲུབ་བྱུང་ནས་དག་བཅོས་དང་འཐུས་ཚང་དུ་གཏོང་བཞིན་པའི་སྒང་ཡིན་པ་རེད། དཔེ་དེབ་དེའི་ནང་དུ་གཙོ་བོ་བོད་ལྗོངས་ཀྱི་ཕོ་བྲང་དང་དགོན་སྡེ། གཞིས་ཀ་སོགས་ཀྱི་གནའ་བའི་བཟོ་བཀོད་ཀྱི་ལོ་རྒྱུས་བྱུང་བ་དང་དུས་ཕྱིས་འགྱུར་ལྡོག བཟོ་བཀོད་ཀྱི་ཁྱད་ཆོས་སོགས་བཀོད་འདུག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com