རྒྱལ་ཕྱི་རུ་ཤོར་བའི་ས་སྐྱ་དགོན་པའི་ནང་ཆོས་བསྟན་བཅོས་ཀྱི་སྐྱེས་འབུལ་མཛད་སྒོ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-09 09:18:00 ཀློག་གྲངས།:6182


རྒྱལ་ཕྱི་རུ་ཤོར་བའི་ས་སྐྱ་དགོན་པའི་ནང་ཆོས་བསྟན་བཅོས་ཀྱི་སྐྱེས་འབུལ་མཛད་སྒོ་བསྡུས་པ།
由陈峰捐赠的经书《大藏经甘珠尔密宗第十二函》.
ལེགས་སྐྱེས་སུ་ཕུལ་བའི་བཀའ་འགྱུར་གྱི་སྔགས་ཕྱོགས་ཀྱི་པོ་ཏི་བཅུ་གཉིས་པ།

  ཟླ6པའི་ཚེས8ཉིན། རྒྱལ་ཕྱི་རུ་ཤོར་བའི་བོད་ལྗོངས་ས་སྐྱ་དགོན་པའི་ནང་ཆོས་བསྟན་བཅོས་ཀྱི་སྐྱེས་འབུལ་མཛད་སྒོ་དེ་པེ་ཅིང་གི་བོད་ལྗོངས་རིག་གནས་རྟེན་མཛོད་གླིང་དུ་བསྡུས་པ་རེད།
  རྒྱུས་ལོན་པ་ལྟར་ན་བསྟན་བཅོས་དེ་ནི་ཧའེ་ཧང་རུ་ཚོགས་ཀྱི་འགོ་གཙོ་ཁྲིན་ཧྥུན་ལགས་ཀྱིས་རྒྱལ་ཕྱི་རུ་འཁྱེར་ཡོང་བ་དང་། འབྲེལ་ཡོད་ཆེད་མཁས་རྣམས་ཀྱིས་གསལ་འབྱེད་བྱས་པ་ལྟར་ན་དེ་ནི་ཕག་གྲུ་སྲིད་དབང་སྐབས་ཀྱི་བཀའ་འགྱུར་གསར་བྲིས་མའི་ཁྲོད་ཀྱི་པོ་ཏི་གཅིག་ཡིན་ཞིང་། བསྟན་བཅོས་དེ་ཕྱིར་ས་སྐྱ་དགོན་པར་ཕུལ་བ་དེས《བཀའ་བསྟན》གྱི་ཆད་སྟོང་ཤོར་བའི་ཆ་ཤས་ཡང་བསྐྱར་ཡོངས་སུ་ཁ་བསྐངས་པས། ལོ་རྒྱུས་ཀྱི་རིན་ཐང་དང་ཆོས་ལུགས་ཀྱི་རིན་ཐང་། རིག་དངོས་རིན་ཐང་། ཚད་ལྡན་ཡིག་ཆའི་རིན་ཐང་བཅས་དོད་པོ་ལྡན་པ་རེད།


ལེགས་སྐྱེས་སུ་ཕུལ་བའི་བཀའ་འགྱུར་གྱི་སྔགས་ཕྱོགས་ཀྱི་པོ་ཏི་བཅུ་གཉིས་པ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།