དབྱི་ཐ་ལི་ཨོ་སི་དཱ་ན་སྲིད་གཞུང་གིས་རྣོ་སྦྲེང་ལ་གཟེངས་སྐྱེས་ཕུལ་བ།
བྱ་དགའ་གནང་བའི་ཡུལ་དངོས།
ཟླ6པའི་ཚེས1ཉིན། དབྱི་ཐ་ལི་ཨོ་སི་དཱ་ན་སྲིད་གཞུང་གིས་གཙོ་སྒྲུབ་གནང་བའི་སྐབས་ལྔ་བའི་ཡུམ་སྐད་རྩོམ་རིག་དུས་ཆེད་དུ་བོད་ཀྱི་ན་གཞོན་རྩོམ་པ་པོ་དང་འཁྲབ་འཁྲིད་པ་རྣོ་སྦྲེང་མགྲོན་ཞུ་བྱས་ཤིང་། དེར་རྒྱལ་ཁབ་མང་པོའི་རྩོམ་པ་པོ་དང་། རྩོམ་སྒྲིག་པ། གློག་བརྙན་པ། གསར་འགོད་པ་སོགས་ཞུགས་ཡོད་པ་དང་། རྣོ་སྦྲེང་གིས་བོད་ཀྱི་སྐད་ཡིག་དང་། རིག་གནས། གློག་བརྙན་སོགས་ཀྱི་ཐད་ནས་ཆུ་ཚོད་བཞིའི་རིང་ལ་གཏམ་བཤད་དང་། དྲི་བ་དྲིས་ལན་སོགས་གནང་ཡོད་པ་རེད།
ཨོ་སི་དཱ་ན་སྲིད་གཞུང་གི་དཔོན་གཙོ་གཞོན་གཉིས་དང་ལས་རིམ་མི་སྣ་གཙོ་གྲས་ཁག་དང་ལྷན་དུ།
ཚེས2ཉིན། ཨོ་སུ་དཱ་ནའི་གཞུང་དེབ་དུ་རྣོ་སྦྲེང་གི་སྒྲུང་གཏམ་ཏེ་ཉི་ཐིག་གིས་འཚོས་པའི་གྲྭ་ཤག་གི་སྒེའུ་ཁུང་ཞེས་པའི་དབྱིན་འགྱུར་དང་དབྱི་ཐ་ལའི་ཡི་གེར་ཆེད་བསྒྲིགས་བཀོད་ཡོད་པར། གསེར་གྱི་རྟགས་མ་དང་། བརྩམས་སྒྲུང་གི་བརྗོད་བྱ་མཚོན་པའི་བྱེའུ་རྟགས་ཅན་གྱི་རྟགས་མ། དེ་མིན་དབྱི་ཐ་ལི་ཨོ་སུ་དཱ་ན་གཞུང་གི་རྒྱལ་དར་གཅིག་བཅས་ཀྱི་གཟེངས་རྟགས་བཅས་ཕུལ་ཡོད།
ཐེངས་འདིར་གཟེངས་སྐྱེས་ཐོབ་མཁན་གྱི་རྩོམ་པ་པོ་དག
རྣོ་སྦྲེང་གི་དངོས་མིང་ལ་མཁྱེན་རབ་རྒྱ་མཚོ་ཟེར་ཞིང་། 1986ལོའི་ཟླ10བའི་ཚེས19ཉིན་མཚོ་སྔོན་རེབ་གོང་ཞོ་འོང་གཉན་རྒྱ་སྡེ་བར་སྐྱེས། སྔ་ཕྱིར་པེ་ཅིན་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་སློབ་གླིང་དང་། ནུབ་བྱང་མི་རིགས་སློབ་ཆེན། པེ་ཅིན་ཀྲུང་གོ་གློག་བརྙན་འཕྲིན་སློབ་ཆེན་སོགས་སུ་དེང་རབས་རྩོམ་རིག་དང་གློག་བརྙན་འཁྲབ་ཁྲིད་པའི་ཕྱོགས་སུ་ཆེད་སྦྱོང་བྱས།
བརྩམས་ཆོས་གཙོ་བོར་འབོལ་རྩོམ་དེབ《རྒྱང་འཕེན་པའི་སྙིང་སྟོབས》དང་། བརྙན་ཕྲན《གྱེས་བྲལ》།དངོས་ཞུའི་གློག་བརྙན《གཞོན་པའི་ལྷག་བསམ》སོགས་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com