བྲག་དམར་ཤང་སློབ་ཆུང་གིས་སློབ་གསོའི་ཉམས་མྱོང་བརྗེ་རེས་ཀྱི་བྱ་འགུལ་སྤེལ།

རྩོམ་པ་པོ།:བོང་སྟག་རི་ལུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-30 08:49:00 ཀློག་གྲངས།:

བྲག་དམར་ཤང་སློབ་ཆུང་གིས་སློབ་གསོའི་ཉམས་མྱོང་བརྗེ་རེས་ཀྱི་བྱ་འགུལ་སྤེལ།
བྲག་དམར་ཤང་སློབ་ཆུང་གིས་སློབ་གསོའི་ཉམས་མྱོང་བརྗེ་རེས་ཀྱི་བྱ་འགུལ་སྤེལ།

        ཉེ་ཆར། ཐེམ་ཆེན་རྫོང་བྲག་དམར་ཤང་སློབ་ཆུང་གིས་སློབ་གྲྭ་ཕན་ཚུན་བར་གྱི་མཐུན་སྒྲིལ་དང་སློབ་གསོའི་ཉམས་མྱོང་གང་ལེགས་སྒོས་བརྗེ་རེས་བྱེད་ཆེད་དུ། གཏེར་ལེན་ཁ་གྲོང་ཁྱེར་དུ་ཆགས་པའི་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན་དག་ངལ་གསོའི་དུས་ཚོད་དང་བསྟུན་ནས་ཁོ་ཚོའི་སློབ་གྲྭ་རུ་གདན་ཞུ་བྱས་ཏེ་སློབ་གྲྭ་ཕན་ཚུན་བར་གྱི་སློབ་གསོའི་ཉམས་མྱོང་བརྗེ་རེས་བྱས།

        དེ་ཡང་ཐོག་མར་བྲག་དམར་སློབ་ཆུང་གི་སློབ་གཙོ་ཐུབ་བསྟན་ཚེ་རིང་གིས་རང་ཉིད་ཀྱི་སློབ་གསོའི་ཉམས་མྱོང་དང་བསྟུན་ནས། ད་ལྟའི་བྲག་དམར་ཤང་སློབ་ཆུང་གི་སློབ་གྲྭའི་དོ་དམ་དང་། སློབ་གསོ་ཇི་ལྟར་སྤེལ་གྱིན་པའི་སྐོར་ནས་སྤུན་ཟླའི་སློབ་གྲྭ་ལ་ངོ་སྤྲོད་བྱས་པ་དང་། དེ་ནས་སློབ་གྲྭ་ཕན་ཚུན་བར་གྱི་དགེ་སློབ་ཡོངས་མཉམ་དུ་འདུས་ནས་གཞི་རིམ་སློབ་གསོ་ཇི་ལྟར་གོང་འཕེལ་གཏོང་དགོས་པའི་ཕྱོགས་ནས་རང་རང་གི་བསམ་ཚུལ་ལྷུག་པོར་བཏོན།


ལྷན་དུ་པར་བླངས་པ།

        འདི་དང་འདི་ལྟ་བུའི་བྱ་འགུལ་སྤེལ་ཏེ་སློབ་གྲྭ་ཕན་ཚུན་བར་ལ་སློབ་གསོའི་ཉམས་མྱོང་བརྗེ་རེས་བྱེད་པར་རྨང་གཞི་བརྟན་པོ་ཞིག་བཏིངས་བར་མ་ཟད། སློབ་གྲྭ་ཕན་ཚུན་བར་གྱི་མཐུན་སྒྲིལ་ཇེ་བཟང་དང་། སློབ་གསོའི་མཁའ་དབུགས་ལེགས་པོ་ཞིག་ཆགས་པར་དགེ་མཚན་མི་དམན་པ་ཞིག་ཐོན་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།