ཝུའུ་ཝེ་གྲོང་ཁྱེར་དངོས་མང་བཤམས་སྟོན་ཁང་གི《བཀའ་བསྟན》ཞིབ་བཤེར་རྩིས་ལེན་བྱས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-07 09:32:00 ཀློག་གྲངས།:

  ཉེ་ཆར། ཝུའུ་ཝེ་གྲོང་ཁྱེར་རིག་དངོས་ཅུས་ཀྲུང་གོའི་རིག་དངོས་སྲུང་སྐྱོབ་ལག་རྩལ་མཐུན་ཚོགས་སོགས་ནས་ཆེད་མཁས་གདན་འདྲེན་བྱས་ནས་ཝུའུ་ཝེ་གྲོང་ཁྱེར་དངོས་མང་བཤམས་སྟོན་ཁང་དུ་ཉར་བའི《བཀའ་བསྟན》གྱི་དུས་སྔོན་གྱི་ཚོད་ལྟའི་རང་བཞིན་གྱི་ཞིག་གསོའི་བྱ་བར་ཞིབ་བཤེར་རྩིས་ལེན་བྱས།
  ཆེད་མཁས་རྣམས་ཀྱི་བཞེད་པ་ལྟར་ན། ཝུའུ་ཝེ་གྲོང་ཁྱེར་དངོས་མང་བཤམས་སྟོན་ཁང་དུ་ཉར་བའི《བཀའ་བསྟན》ལ་ཚོད་ལྟའི་རང་བཞིན་གྱི་སྲུང་སྐྱོབ་དང་ཞིག་གསོ་བྱེད་པར་སྲོལ་རྒྱུན་གྱི་ཞིག་གསོའི་བཟོ་རྩལ་སྤྱད་ནས་སྲུང་སྐྱོབ་ཀྱི་ཕན་འབྲས་ལེགས་པོ་ཐོན་པས། སྔོན་དཔག་བྱས་པའི་ཞིག་གསོའི་དམིགས་འབེན་ལ་བསླེབས་པར་མ་ཟད། རིག་དངོས་ཞིག་གསོའི་ཡིག་ཚགས་ཀྱི་ནང་དོན་ཆ་ཚང་ཞིང་བདེན་པ་ཡིན་པས། རྒྱུ་ཤོག་བུ་ལས་གྲུབ་པའི་རིག་དངོས་ཞིག་གསོའི་ཡིག་ཚགས་སྒྲིག་བཟོ་བྱེད་པའི་ཚད་གཞི་དང་མཐུན་པ་རེད། དེ་དང་འཚམ་པའི་ཞིག་གསོའི་ཐབས་ལམ་དང་རྒྱུ་ཆ་སོགས་གཏན་འབེབས་བྱས་པས། ཞིག་གསོ་སྲུང་སྐྱོབ་ཀྱི་བྱ་བ་ཁྱོན་ཡོངས་སུ་སྤེལ་བར་མཐུན་རྐྱེན་བསྐྲུན་པ་རེད། ཆེད་མཁས་པའི་ཚོགས་ཀྱིས་རྟོག་དཔྱད་དང་ཞིབ་འཇུག་རབས་དང་རིམ་པ་བྱས་མཐར་ཞིབ་བཤེར་རྩིས་ལེན་གྱི་ཆོག་མཆན་ཐོབ་པ་རེད། ཝུའུ་ཝེ་གྲོང་ཁྱེར་དངོས་མང་བཤམས་སྟོན་ཁང་དུ་ཉར་བའི་བོད་ཡིག《བཀའ་བསྟན》ལ་བསྡོམས་པས་གླེགས་བམ409དང་ལེའུ5317། ཤོག་ངོས་འབུམ1ལྷག་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།