ཟི་ལིང་གངས་རྒྱན་གསོ་སྦྱོང་སློབ་གྲྭས་ཐེ་གེ་རྒྱག་སྲོལ་གྱི་སློབ་ཁྲིད་བྱ་འགུལ་སྤེལ།
ཐེ་གེ་རྒྱག་སྲོལ་གྱི་སློབ་ཁྲིད་དངོས།
སློབ་མ་ཚོས་ཐེ་གེའི་བརྙན་ཕབ་ལ་བལྟ་བཞིན་པ།
ཉེ་སྔོན། ཟི་ལིང་གངས་རྒྱན་གསོ་སྦྱོང་སློབ་གྲྭས་བོད་ཀྱི་རིག་གནས་སློབ་ཁྲིད་ལས་ཐེ་གེ་རྒྱག་སྲོལ་གྱི་སློབ་ཁྲིད་བྱ་འགུལ་སྤེལ་བ་རེད། དེ་ཡང་བརྙན་ཕབ་ཀྱི་འཆར་འགོད་ལྟར་ཐེ་གེའི་བརྙན་ཕབ་རིམ་པ་གཉིས་སུ་བགོས་ནས་ཕབ་སྐྲུན་བྱེད་རྒྱུ་དང་དེའང་སྟོད་ཆའི་ནང་དུ་གཞི་རིམ་མང་ཚོགས་ཀྱི་གྲས་སུ་ཞུགས་ནས་ས་གནས་དེ་ག་ནས་བྱིས་པ་ཚོས་ཐེ་གེ་རྒྱག་སྲོལ་སྐོར་ཡུལ་དངོས་ནས་བརྙན་ལེན་རྒྱུ་དང་། སྨད་ཆའི་ནང་དུ་ཕྱིར་གྲོང་ཁྱེར་དུ་འོངས་ནས་ཟི་ལིང་གངས་རྒྱན་སློབ་གསོ་གསོ་སྦྱོང་སློབ་གྲྭ་རུ་བྱིས་པ་ཚོར་ངོ་སྤྲོད་དང་སྦྱོང་བརྡར་བྱེད་དུ་བཅུག་ནས་རོལ་མྱོང་བྱེད་དུ་འཇུག་པ།
སྟོད་ཆའམ་གཞི་རིམ་ནས་བརྙན་ཕབ་བྱེད་པའི་སྐོར།
དང་པོ། ཐེ་གེ་ངོ་སྤྲོད།
ཀ ལུག་ཤ་བཙོས་ཡོད་པ་ལས་དེའི་མགོ་ཡི་ཐེ་གེ་རྒད་པོ་ཞིག་གིས་ལེན་བཞིན་པ། ཞོར་དུ་རྒད་པོས་གསལ་བཤད་ཀྱིས་ཐེ་གེ་ནི་སྲོག་ཆགས་ཀྱི་ལྕག་གི་མགོ་རུ་ཡོད་པ་དང་ཡག་པོར་ལེན་དགོས་ཚུལ་བརྗོད་པ། རྩེད་ཆས་སུ་གྲུབ་པ་འདི་ནི་སྲོག་ཆགས་ལས་འབྲིང་གྲས་སུ་གྱུར་པའི་ར་དང་ལུག་གི་དེ་ལེན་པ་དང་། ལུག་གི་ཐེ་གེ་ཆེ་ཚུལ་དང་ར་ཡི་ཐེ་གེ་ཆུང་ཚུལ་སོགས་རྒྱས་བསྡུས་འཚམ་པ་ཞིག་དང་ཡང་རྩེད་ཚུལ་གྱི་ཆ་ནས་བྱིས་པས་རྩེ་ཞིང་དབྱར་དགུན་སྟོན་དཔྱིད་མེད་པར་གནས་ཡུལ་གང་རུང་ནས་རྩེད་ཚུལ་སོགས་ངོ་སྤྲོད་བྱེད་པ། འདིའི་ནང་དུ་ལུག་ཤའི་ལྕག་ཅེས་པ་གང་ཞིག་ཡིན་པ་གསལ་བོར་ཤེས་ཆེད་ཆེད་བྲིས་ལེན་པ།
ཁ། ར་ལུག་གསོན་པོ་འགའ་རེ་བག་ཡངས་སུ་རྒྱུ་བའི་བརྙན་རིས་བཀོད་སྒྲིག་བྱེད་པ།
ག ཐེ་ཁུག་འཁུར་ནས་གནས་ཡུལ་མི་འདྲ་བ་ཁ་ཤས་ནས་རྩེ་བཞིན་པ་ལེན་པ། ཚ་ཐབ་སྟེང་།སྒོ་ཁའི་ས་རྡུལ་ནང་། ཞིང་ཚིགས་བར་ལ་སོགས་པ།
ང་། ཆེད་བྲིས་ཀྱིས་འགོད་དགོས་པ་དང་པར་ཆས་ཀྱིས་འདྲ་པར་ལེན་དགོས་པ། ཐེ་གེའི་དབྱིབས་ཆ་ཚང་བ་ཞིག་དང་ངོས་རེ་རེའི་སྲོག་ཆགས་གང་ཡིན་པ་གསལ་ཐག་ཆོད་པོར་ངོ་སྤྲོད་བྱེད་པའི་ཆེད་བྲིས།
གཉིས་པ། རྒྱག་སྲོལ་ངོ་སྤྲོད།
ཀ རྟ་འབབ་བསལ་བཞིན་པ།
ཁ རྟ་འབབ་གཏོར་བཞིན་པ་དང་བབས་ཡོད་པའི་བྱིས་པ་དེ་རྒྱག་མཁན་དང་པོ་ཡིན་པར་ཁས་འཆེས་པ།(ཆེད་བྲིས)སྒྲིག་སྲོལ་གཏན་འཁེལ་བྱེད་པ། འགོག་རེས་ཡོད་མིན་དང་ཁུར་རེས་ཡོད་མིན་ཐོག་མར་མི་མཐུན་ཞིང་དེ་ནས་གྲོས་འཆམ་བྱུང་ཚུལ།
ག མང་རྒྱག་གཏོར་བཞིན་པ་དང་དེ་མཐུན་གྱི་སྒྲིག་སྲོལ་ལྟར་དུ་སྲོག་ཆགས་རིགས་འདྲ་རེ་རེ་བྱས་ཏེ་རྒྱག་པ། སྒུལ་མི་རུང་བ་དང་གལ་ཏེ་སྒུལ་བཏང་ན་ཤོར་སོང་བར་བརྩི་བ། དྲང་ཐད་དུ་མེད་པར་བསྐོར་ནས་རྒྱག་དགོས་པ་ལ་ལག་པས་གོར་གོར་གྱིས་རམ་འདེགས་བྱེད་པ། འཕྲོག་རེས་རྒྱག་པ། ར་དང་ལུག་འཁུར་བ་དང་རྟ་དང་བོང་བུ་རྒྱུགས་པའི་ཆེད་བྲིས།
ང་། ལྔ་རྒྱག་རྩེ་བ། དེ་ནི་གཙོ་བོ་ཐེ་གེ་མང་ཉུང་དང་རྩེད་སྲོལ་མི་འདྲ་བ་མ་གཏོགས། སྒྲིག་ལམ་འདྲ་ལ། དེའང་ཆེས་རྗེས་མར་ཐེ་གེ་ལྔ་བོ་སུ་ཞིག་གིས་འཐུ་ཐུབ་སོང་བར་བལྟ་བ།
ཅ། གླ་བའམ་ཕམ་ཁ་ཐེབས་མཁན་ཚོར་རྒྱལ་ཁ་ཐོབ་མཁན་གྱིས་ཆད་པའི་ཚུལ་དུ་མཛུབ་རྡེག་བྱེད་པ།
ཆ། འབྲེལ་ཡོད་གནས་ཚུལ་རྟོགས་མཁན་ཞིག་གིས་རྡོ་སྦིས་ས་ཁུལ་གཞིར་བྱས་ཞོན་ཧྭ་བོད་ཁུལ་གྱི་ས་གནས་སོ་སོའི་རྒྱག་སྟངས་དང་ངོས་རེ་རེ་སྲོག་ཆགས་ལ་ངོས་འཛིན་བྱེད་སྟངས་མི་འདྲ་བའི་གནས་ཚུལ་སོགས་མཚམས་སྦྱོར་རགས་ཙམ་བྱེད་པ། བིས་མདོ་དང་ཀ་རིང་། རྐང་ཚ་སོགས་ནས་ཇི་ལྟར་རྩེ་བ་བཅར་འདྲི་བྱེད་དགོས།
དགེ་རྒན་གྱིས་ཐེ་གེ་རྒྱག་སྲོལ་ཁྲིད་པ།
སློབ་མ་ཚོས་ཚན་ཆུང་ནང་དུ་ཐེ་གེ་རྩེ་བཞིན་པ།
སྨད་ཆའམ་གྲོང་ཁྱེར་ནས་སློབ་ཁྲིད་བྱས་ཏེ་ཁྱབ་སྤེལ་གཏོང་བའི་བརྙན་ཕབ་སྐོར།
དང་པོ། དགེ་རྒན་གྱི་སློབ་ཁྲིད་ཀྱི་སྐོར།
ཀ གཞི་རིམ་ནས་བརྙན་ཕབ་ཡོད་པའི་འོད་སྡེར་སྟོན་བཞིན་པ།
ཁ། དགེ་རྒན་གྱིས་ཐེ་གེ་ངོ་མ་བླངས་ནས་ངོ་སྤྲོད་བྱེད་བཞིན་པ།
ག སློབ་མར་འདྲི་ཚིག་དྲིས་ནས་ཤེས་ཡོད་མེད་ལ་བརྟག་བཞིན་པ།
ང་། སློབ་མར་ཡུལ་དངོས་ནས་རྒྱག་སྲོལ་ཁྲིད་བཞིན་པ།
གཉིས་པ། སློབ་མའི་སྦྱོང་བརྡར་གྱི་སྐོར།
ཀ ཚན་ཆུང་བགོས་ནས་རྩེད་མོ་རྩེ་བཞིན་པ།
ཁ། དགེ་རྒན་གྱིས་མཛུབ་སྟོན་བྱེད་བཞིན་པ།
གསུམ་པ། གཞན་དག་གི་སྐོར།
ཀ དགེ་རྒན་གྱིས་ཐེ་གེ་བགོས་ཤིང་སློབ་མའི་ཁུག་མར་བཅུག་ནས་སྟེར་བཞིན་པ།
ཁ། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཐེ་གེ་རྩེ་བའི་གོམས་སྲོལ་ཆགས་སུ་འཇུག་རྒྱུའི་རེ་བ་འདོན་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com