དགེ་འདུན་ཆོས་འཕེལ་གྱི་ཤུལ་དངོས་བསྡུས་དེབ་འགྲེམ་སྤེལ་བྱས་པ།
དགེ་འདུན་ཆོས་འཕེལ་གྱི་ཤུལ་དངོས་བསྡུས་དེབ།
དགེ་འདུན་ཆོས་འཕེལ་རྩོམ་རིག་དྲ་བའི་སྤྱིའི་འགན་འཛིན་པ་བྱང་སྒྲ་སྙན་ལགས་ཀྱིས་གཙོ་སྒྲིག་བྱས་པའི་མཁས་དབང་དགེ་འདུན་ཆོས་འཕེལ་སྐུ་འཁྲུངས་ནས་ལོ་འཁོར110ལོན་པའི་རྗེས་དྲན་དེབ་སྟེ། དགེ་འདུན་ཆོས་འཕེལ་གྱི་འཁྲུངས་གཞིས་ངོ་སྤྲོད་དང་ཤུལ་བཞག་རིག་དངོས་དཀར་ཆག་གིས་མཚན་པའི་དེབ་ཚོན་པར་ཅན་ཞིག་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་འདུག
བར་བཅུག་འདྲ་པར།
བར་བཅུག་རི་མོ།
དེབ་འདི་རུ་དགེ་ཆོས་འཁྲུངས་གཞིས་ངོ་སྤྲོད་དང་། དངོས་རིགས་འདུ་ཁང་། ཤུལ་བཞག་རིག་དངོས། ཕྱི་ཡིག་གི་འགྱུར་དེབ་སྣ་ཚོགས། དགེ་ཆོས་ལགས་ཀྱི་འདྲ་པར་སྣ་ཚོགས། ཕྱག་བྲིས་ཀྱི་ཕྱི་མོ། ཟིན་བྲིས། རི་མོའི་བརྩམས་ཆོས་སོགས་ངོ་སྤྲོད་པར་དང་བཅས་བཀོད་ཡོད་པར་མ་ཟད། ཧོར་ཁང་བསོད་ནམས་དཔལ་འབར་དང་ལྷག་པ་ཕུན་ཚོགས། མེ་ལྕེ་སོགས་དགེ་ཆོས་ཞིབ་འཇུག་ཐད་གྲུབ་འབྲས་གཡུར་དུ་ཟ་བའི་དཔྱད་བརྗོད་པ་དག་གི་རྩོམ་ཡིག་རྣམས་ཀྱང་བར་བཅུག་རི་མོ་དང་བཅས་བཀོད་ཡོད་པས། དགེ་འདུན་ཆོས་འཕེལ་སྐོར་ལ་ཞིབ་འཇུག་དང་སྤྲོ་བ་ཡོད་མཁན་ཚོར་གྱ་ནོམ་པའི་ལེགས་སྐྱེས་ཤིག་ཏུ་བསྐྲུན་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com