སྐུ་འབུམ་བྱམས་པ་གླིང་དུ་མེ་ཏོག་མཆོད་པ་འབུལ་པའི་ཆོ་ག་སྤེལ་བ།
སྐུ་འབུམ་བྱམས་པ་གླིང་དུ་མེ་ཏོག་མཆོད་པ་འབུལ་པའི་ཆོ་ག་སྤེལ་བ།
སྐུ་འབུམ་བྱམས་པ་གླིང་དུ་མེ་ཏོག་མཆོད་པ་འབུལ་པའི་ཆོ་ག་སྤེལ་བ།
ཟླ2པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཙོང་ཁ་རྫོང་ཁོངས་ཀྱི་སྐུ་འབུམ་དགོན་པར་ཆོས་སྡེ་ཆེན་མོ་འདིའི་སྒྱུ་རྩལ་རྣམ་གསུམ་དུ་གྲགས་པའི་ཡ་གྱལ་ཏེ་མེ་ཏོག་མཆོད་པ་འབུལ་བའི་ཆོས་ཀྱི་ཆོ་ག་ཆེན་མོ་སྤེལ་ཞིང་། ལོ་རེའི་རྒྱ་ལོའི་ཚེས་བཅོ་ལྔ་ཉིན་ཕྱོགས་བཞིའི་དད་ལྡན་མང་ཚོགས་རྣམས་མ་གྲོས་རང་མཐུན་གྱིས་ཡུལ་འདིར་ཡོང་ནས་མེ་ཏོག་མཆོད་པ་ལ་མཇལ་བཞིན་ཡོད།
སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་འདི་མང་ཆེ་ཤས་ཐོག་བརྩེགས་གསུམ་གྱིས་གྲུབ་ཅིང་། དཀྱིལ་གྱི་གཙོ་སྐུ་ལོ་རེ་བཞིན་རྗེ་ཙོང་ཁ་བ་དང་འཇམ་དཔལ་དབྱངས། སྤྱན་རས་གཟིགས་སོགས་རེས་མོས་ཀྱི་སྒོ་ནས་བཞེངས་པ་དང་། གཡས་གཡོན་དུའང་ལོ་རེ་བཞིན་རེས་མོས་སུ་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་དང་རྒྱན་དྲུག་མཆོག་གཉིས་ཀྱི་མཛད་རྣམ། བོད་ཀྱི་ཟློས་གར་ཆེན་མོ་བརྒྱད། རྒྱལ་བ་པཎ་ཆེན་གྱི་རྣམ་ཐར། དེ་མིན་རྒྱ་གར་དང་བོད་ཀྱི་ནང་བསྟན་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དམ་པའི་རྟོགས་བརྗོད། བོད་ཀྱི་ཆོས་རྒྱལ་རིམ་བྱོན་དག་གི་ལོ་རྒྱུས་སོགས་དང་། སྟེང་དུ་བཀྲ་ཤིས་རྟགས་བརྒྱད་དང་འདོད་ཡོན་ལྔ། མཐུན་པ་སྤུན་བཞི། ཚེ་རིང་རྣམ་དྲུག རྒྱལ་སྲིད་སྣ་བདུན་སོགས་བཞེངས་སྲོལ་ཡོད།
སྐུ་འབུམ་བྱམས་པ་གླིང་དུ་མེ་ཏོག་མཆོད་པ་འབུལ་པའི་ཆོ་ག་སྤེལ་བ།
སྐུ་འབུམ་བྱམས་པ་གླིང་དུ་མེ་ཏོག་མཆོད་པ་འབུལ་པའི་ཆོ་ག་སྤེལ་བ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com