མཚོ་ལྷོ་ཁུལ་གླུ་གར་ཚོགས་པས་ལོ་སར་སྐབས་སུ་མང་རྫོང་དུ་གླུ་གར་འཁྲབ་སྟོན་བྱས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-02-25 10:24:00 ཀློག་གྲངས།:

མཚོ་ལྷོ་ཁུལ་གླུ་གར་ཚོགས་པས་ལོ་སར་སྐབས་སུ་མང་རྫོང་དུ་གླུ་གར་འཁྲབ་སྟོན་བྱས།
མཚོ་ལྷོ་ཁུལ་གླུ་གར་ཚོགས་པས་ལོ་སར་སྐབས་སུ་མང་རྫོང་དུ་གླུ་གར་འཁྲབ་སྟོན་བྱས། 

        ཟླ2པའི་ཚེས21སྟེ་ལུགས་རྙིང་གི་ཟླ1པོའི་ཚེས12ཉིན། མཚོ་ལྷོ་ཁུལ་གླུ་གར་ཚོགས་པའི་རིག་རྩལ་བྱ་སྒྲུབ་པ་མང་རྫོང་དུ་ཡོང་སྟེ2013ལོའི་དཔྱིད་གསར་དང་བོད་ལུགས་ལོ་སར་གྱི་གླུ་གར་གྲོང་གསེབ་ཏུ་སྐྱེལ་བ་ཞེས་པའི་བྱ་འགུལ་སྤེལ་ཏེ། གནས་འདིའི་མང་ཚོགས་རྣམས་ལ་ལོ་སར་སྐབས་ཀྱི་རིག་རྩལ་གྱ་ནོམ་པ་ཞིག་ཕུལ་ཞིང་།  རྫོང་ཡོངས་ཀྱི་མང་ཚོགས་རྣམས་འཆམ་མཐུན་ཐང་ཆེན་དུ་སླེབས་ཏེ་གླུ་གར་ལ་གཟིགས་མོ་གནང་བ་དང་བག་བྲོ་བའི་ལོ་སར་གྱི་ཁ་དབུགས་རོལ་མྱོང་བྱས།
        དེ་ཡང་གར་ཚོགས《དུས་སྟོན་གྱི་གར་ཚོགས》ཞེས་པ་ལས་གླུ་གར་གྱི་སྒོ་མོ་དངོས་སུ་ཕྱེ་བ་དང་། རྡུང་ལེན《མཛེས་སྡུག་གི་ཕ་ཡུལ》། དེ་མིན་བཞད་གར་སོགས་རིག་རྩལ་སྣ་མང་འཁྲབ་སྟོན་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།