ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་བོད་རིག་པའི་ཆེད་མཁས་རྒན་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ།
ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་བོད་རིག་པའི་ཆེད་མཁས་རྒན་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ།
ཟླ2པའི་ཚེས5ཉིན། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་བོད་སྐད་ཡིག་ལ་སློབ་གཉེར་བྱེད་པའི་ཆེད་མཁས་རྒན་པའི་བཞུགས་མོལ་ཚོགས་འདུ་བསྡུས་ནས་བོད་རིག་པའི་ཞིབ་འཇུག་བྱ་གཞག་དང་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་འཕེལ་རྒྱས་སྐོར་གྱི་བསམ་འཆར་དང་གྲོས་འཆར་ལ་ཉན་པ་རེད།
ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ལྷག་པ་ཕུན་ཚོགས་ཀྱིས་ཆེད་མཁས་རྒན་པ་རྣམས་ལ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཉེ་བའི་ལོ་ནང་གི་འཛུགས་སྐྲུན་དང་གོང་སྤེལ་གྱི་གནས་ཚུལ་སྐོར་མཚམས་སྦྱོར་བྱས་ཤིང་། ཁོང་གིས་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་ཚབ་བྱས་ཏེ་ཆེད་མཁས་རྒན་པ་རྣམས་ཀྱིས་བོད་རིག་པའི་ཞིབ་འཇུག་བྱ་གཞག་དང་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་གོང་སྤེལ་ལ་མཛད་རྗེས་བཞག་པར་བཀའ་དྲིན་ཞུས་པར་མ་ཟད། ལོ་སར་གྱི་རྟེན་འབྲེལ་ཞུས་པ་རེད། དེའི་མཚུངས་སུ་ཁོང་རྣམ་པས་མུ་མཐུད་དུ་ལྟེ་གནས་ཀྱི་གོང་སྤེལ་ལ་ཐུགས་ཁུར་གནང་བ་དང་གྲོས་འཆར་མང་པོ་འདོན་རྒྱུའི་རེ་བ་བཏོན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com