ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས28པའི་དགེ་རྒན་དུས་སྟོན་ལ་རོལ།
བྲོ་གར་འཁྲབ་སྟེ་དགེ་རྒན་གྱི་དུས་ཆེན་ལ་རོལ་བ།
བྱིས་པ་རྣམས་ཀྱིས་གྱོན་ཆས་འཁྲབ་སྟོན་བྱེད་པ།
ཟླ9པའི་ཚེས11ཉིན་གྱི་སྔ་དྲོའི་དུས་ཚོད9:00སྟེང་། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྐབས28པའི་དགེ་རྒན་དུས་སྟོན་དང་དགེ་ལས་བཟོ་བའི་གཟེངས་བསྟོད་ཚོགས་འདུ་དེ་སློབ་གྲྭའི་རྩལ་སྦྱང་ར་བའི་གར་སྟེགས་ནས་གཟབ་རྒྱས་ངང་འགོ་བརྩམས། ཐེངས་འདིའི་ཚོགས་འདིར་སློབ་གྲྭའི་གཞུང་སྒྲུབ་ཁང་གིས་རྩ་འཛུགས་དང་བཀོད་སྒྲིག་ཚགས་དམ་པོར་བྱས་ཤིང་། དགེ་རྒན་འབྲུག་ཐར་དང་ཀྲའོ་ཡུའུ་ནས་མདོ་འཛིན་བྱས།
བྱིས་བུ་དག་གིས་གར་གྱི་སྟངས་སྟབས་ལ་བསྒྱུར་ཏེ་
དགེ་རྒན་གྱི་དུས་ཆེན་ལ་རྟེན་འབྲེལ་ཞུས།
ཐོག་མར་རང་སློབ་གྲྭའི་སློབ་བུ་ཆུང་ཤོས་ཚོས་འཁྲབ་ཅིང་སྤྲོ་མཚར་གྱིས་ཕྱུག་པའི་རྩེད་རིག་གིས་སྣ་དྲངས་ཤིང་། ཚོགས་འདུར་དངོས་སུ་ཞུགས་པ་དང་། སློབ་གཙོ་བསོད་ནམས་རྡོ་རྗེ་ནས་དུས་སྟོན་ལ་བཀྲ་ཤིས་རྟེན་འབྲེལ་ཞུས་ཤིང་། འདས་བྱུང་བྱ་བར་ཕྱིར་དྲན་དང་སྤྱི་སྡོམ་བྱས་པ་དང་། མ་འོངས་བྱ་བར་རྒྱང་གཞིགས་དང་སྐུལ་སློང་བྱས། འཕྲོ་ནས་དགེ་རྒན་འཐུས་ཚབ་འཇམ་མགོན་རྒྱལ་དང་། སློབ་བུའི་འཐུས་ཚབ་སློབ་གྲོགས་སྐལ་བཟང་བཀྲ་ཤིས་གཉིས་ནས་རིམ་པར་དུས་ཆེན་ལ་ཤིས་ཚིག་ཕུལ།
ཐེངས་འདིར་གཟེངས་བསྟོད་བྱ་དགའ་ཐོབ་པའི་དགེ་རྒན་སྐོར་ཞིག
དགེ་རྒན་ཡོངས་ལྷན་དུ་པར་བླངས་པ།
ཐེངས་འདིའི་དུས་སྟོན་བསུ་བའི་མཛད་སྒོ་དང་གཟེངས་བསྟོད་བྱ་འགུལ་ལ་རིམ་པ17གྱིས་གྲུབ་ཅིང་། ཉམས་འགྱུར་གྱིས་ཕྱུག་པའི་རིག་རྩལ་འཁྲབ་སྟོན་དང་གཟེངས་བསྟོད་བྱ་དགའ་སྟེར་བའི་ཆོ་ཀ་སྡེབ་སྟེ་སྤེལ་ཞིང་། དགེ་ལས་བཟོ་བ་སུམ་སྟོང་སུམ་བརྒྱ་ལྷག་གིས་སྐབས་རེར་ཐལ་མོ་ལྷང་ལྷང་རྡེབ་ཅིང་། ལན་རེར་དགའ་འབོད་ལྡིར་ལྡིར་སྒྲོག་བཞིན་སྤྲོ་སེམས་འཁོལ་ཞིང་མཛེས་ཉམས་ཀྱིས་ཕྱུག་པའི་དུས་སྟོན་ལ་རོལ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com