ཀྲུང་གོའི་སྐབས་དང་པོའི་བོད་ཀྱི་ལ་གཞས་བགྲོ་གླེང་ཚོགས་འདུར་འབྲེལ་ཡོད་དཔྱད་རྩོམ་བསྡུ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-14 09:34:00 ཀློག་གྲངས།:


         ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱ་ཆེར་འཕེལ་རྒྱས་གཏོང་བ། ས་གནས་སོ་སོའི་མི་རིགས་དམངས་ཁྲོད་གླུ་གཞས་འབྲེལ་འདྲིས་དང་འཕེལ་རྒྱས། བོད་ཁུལ་གསར་རྩོམ་མཛའ་གཞས་ཞིབ་འཇུག་གྲུབ་འབྲས་འགྲེམ་སྟོན་བཅས་བྱེད་པར།  ཀྲུང་གོའི་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་དང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས2012ལོའི་སྐབས་དང་པོའི་ཀྲུང་གོའི་མཛའ་གཞས(བོད་ཀྱི་ལ་གཞས)འགྲན་བསྡུར་སྤེལ་རྒྱུར་ཐག་བཅད་པ་དང་ཆབས་ཅིག    མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་དུ་ཀྲུང་གོའི་སྐབས་དང་པོའི་བོད་ཀྱི་ལ་གཞས་བགྲོ་གླེང་ཚོགས་འདུ་སྤེལ་རྒྱུ་ཡིན་ཞིང་། དུས་ཚོད་ནི་སྐབས་ཐོག་ཏུ2012ལོའི་ཟླ7པའི་ཟླ་མཇུག་ཏུ་གཏན་འཁེལ་བྱས(ཞིབ་ཕྲའི་དུས་ཚོད་རྗེས་སོར་བརྡ་སྦྱོར་གཏོང་ངེས)།  འབྲེལ་ཡོད་ཆེད་མཁས་པ་དང་ཤེས་ཡོན་པ་རྣམས་ཀྱིས་མྱུར་དུ་དཔྱད་རྩོམ་གྲ་སྒྲིག་བྱས་ཏེ་ཟླ7པའི་ཚེས20ཉིན་གྱི་སྔོན་དུ་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ལ་སྤྲོད་དགོས།  
         དཔྱད་རྩོམ་ནི་དམངས་ཁྲོད་རིག་གནས་ཀྱི་སྔོག་འདོན་དང་སྲུང་སྐྱོབ། རྒྱུན་འཛིན། དེ་མིན་ལ་གཞས་འདི་ཉིད་རིག་གནས་ཁྱབ་སྟོང་ཁྲོད་ཀྱི་གཏིང་ཟབ་པའི་ནང་དོན་དང་རིག་གནས་ཁྱད་ཆོས་སོགས་ཀྱི་ཐད་ལ་དཔྱད་བརྗོད་བྱེད་པ་ཞིག་དང་།  སྐད་ཆ་ཡང་དག་ཅིང་མདོར་བསྡུས་ཡིན་པ། གཏན་ཚིགས་ཀྱི་ཁོངས་དྲག་ཅིང་ཚད་ལྡན་བཅས་ཡིན་དགོས། ཡིན་འབྲུ་ལ་ཚད་བཀག་མེད།  དེ་ཡང་མ་དངུལ་གྱི་ཚད་བཀག་རང་བཞིན་གྱིས་མི30ལ་མ་གཏོགས་གོ་སྐབས་མེད་ཅིང་དཔྱད་རྩོམ་གྱི་སྤུས་ཚད་ལྟར་གདན་འདྲེན་ཞུ་རྒྱུ་ཡིན་པས། ཐོག་མར་དཔྱད་རྩོམ་ཡར་སྤྲད་དེ་ལེགས་འདེམ་བྱས་པར་བརྒྱུད་དངོས་སུ་གདན་འདྲེན་ཡི་གེ་བསྐུར་ངེས་ཡིན། གདན་འདྲེན་ཡི་གེ་འབྱོར་བའི་དཔྱད་རྩོམ་རྩོམ་པ་པོ་རྣམས་ཀྱི་ཕར་ཚུར་ལམ་རིན་རང་ཉིད་ཀྱིས་འགན་ཁུར་དགོས་པ་དང་ཚོགས་འདུའི་སྐབས་ཀྱི་མགྲོན་གསོལ་ནི་ཚོགས་འདུ་ལས་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་རེད།

འབྲེལ་གཏུག་མི་སྣ། ཆི་ཧྥང་། རྟ་ལོ།
འབྲེལ་གཏུག་ཁ་པར། 0971-6306811   18697166760
གློག་རྡུལ་ཡིག་ཟམ། qhmx6811@163.com


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།