ཡུལ་ཤུལ་ཁུལ་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་རྣམས་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཟབ་སྦྱོང་བྱེད་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-30 10:35:00 ཀློག་གྲངས།:


འཛིན་གྲྭ་བསྡུས་པའི་མཛད་སྒོ་སྤེལ་བཞིན་པ།

  ཟླ5བའི་ཚེས25ཉིན། མཚོ་སྔོན་མི་རིགས་སློབ་ཆེན་རྒྱུན་སྤེལ་སློབ་གསོ་སློབ་གླིང་གིས་འགན་འཁུར་བའི་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི《ཡུལ་ཤུལ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཟབ་སྦྱོང་ལ་རྒྱབ་སྐྱོར་བྱེད་པའི་ལས་གཞི》ཡི་ཟབ་སྦྱོང་འཛིན་གྲྭ་བསྡུས་པའི་མཛད་སྒོ་མཚོ་སྔོན་མི་རིགས་སློབ་ཆེན་དབྱི་ཧྥོ་ཐོག་ཁང་དུ་ཚོགས་པ་རེད། མཛད་སྒོའི་སྟེང་འབྲེལ་ཡོད་ཀྱི་འགོ་ཁྲིད་དང་། ཡུལ་ཤུལ་ནས་ཡོང་བའི་སློབ་གྲྭ་ཆུང་འབྲིང་གི་གྲངས་རིག་པ་དང་བོད་ཡིག་དགེ་རྒན160ཞུགས་པ་རེད།


འབྲེལ་ཡོད་འགོ་ཁྲིད་ཀྱིས་གསུང་བཤད་གནང་བ།

ཟབ་སྦྱོང་ལ་ཞུགས་པའི་དགེ་རྒན་རྣམས།

  ཐེངས་འདིའི་ཡུལ་ཤུལ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཟབ་སྦྱོང་ལ་རྒྱབ་སྐྱོར་བྱེད་པའི་ལས་གཞི་ལས་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཟབ་སྦྱོང་བྱེད་པའི་བསླབ་བྱ་གཙོ་བོ་ནི་སློབ་ཆུང་གི་བོད་སྐད་ཡིག་དང་། སློབ་ཆུང་གི་གྲངས་རིག་པ། དམའ་འབྲིང་གི་བོད་སྐད་ཡིག  དམའ་འབྲིང་གི་གྲངས་རིག་པ་བཅས་ཡིན་ཞིང་། ཉིན20རིང་གི་ཟབ་སྦྱོང་སྟེ་ཟླ5བའི་ཚེས24ཉིན་ནས་ཟླ6པའི་ཚེས12ཉིན་བར་དུ་ཆེད་དོན་འཆད་ཁྲིད་དང་། གཞུང་ལུགས་གྲོས་ཞིབ། སློབ་ཁྲིད་ལྟ་སྦྱོང་། བསླབ་གཅིག་མང་ཁྲིད་སོགས་བརྒྱུད་ནས་སློབ་སྦྱོང་བྱེད་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།