བོད་ཀྱི་དུས་རབས་རིམ་བྱུང་གི་ཡིག་ཆ་ལེགས་བདམས་གློག་རྡུལ་རྒྱུ་ཆའི་རིག་མཛོད་བསྐྲུན་པའི་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-29 08:42:00 ཀློག་གྲངས།:


ཞིབ་དཔྱད་ཚོགས་འདུའི་ཡུལ་དངོས།

  ཉེ་སྔོན་ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་གི་གླིང་གཙོ་གཞོན་པའམ་དགེ་རྒན་ཆེན་མོ་རྡོ་རྗེ་རིན་ཆེན་ལགས་ཀྱིས་གཙོ་སྐྱོང་བྱེད་པའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་འཆར་བཀོད་ལས་གཞི་སྟེ“བོད་ཀྱི་དུས་རབས་རིམ་བྱུང་གི་ཡིག་ཆ་ལེགས་བདམས་གློག་རྡུལ་རྒྱུ་ཆའི་རིག་མཛོད་འཛུགས་སྐྲུན་དང་དེའི་ཞིབ་འཇུག”ཅེས་པའི་ཞིབ་དཔྱད་ཚོགས་འདུ་ལན་ཀྲུར་བསྡུས་པ་རེད།
  “བོད་ཀྱི་དུས་རབས་རིམ་བྱུང་གི་ཡིག་ཆ་ལེགས་བདམས་གློག་རྡུལ་རྒྱུ་ཆའི་རིག་མཛོད་འཛུགས་སྐྲུན་དང་དེའི་ཞིབ་འཇུག”ནི་དོན་སྙིང་ཆེན་པོ་ལྡན་པའི་ལོ་རྒྱུས་རང་བཞིན་གྱི་ལས་གཞི་ཞིག་ཡིན་ཞིང་། འདིས་བོད་རིག་པའི་ཞིབ་འཇུག་ལ་སྟབས་བདེ་དང་ཡང་དག་པའི་ཡིག་ཆའི་འཚོལ་ཞིབ་འདོན་སྤྲོད་བྱེད་པ་དང་མཉམ་དུ། ཕུལ་དུ་བྱུང་བའི་བོད་ཡིག་དཔེ་རྙིང་དག་བེད་སྤྱོད་ལེགས་པོ་བྱེད་ཐུབ་པ་རེད། དཔྱད་གཞི་འདིའི་ཉམས་མྱོང་དང་གྲུབ་འབྲས་སོགས་བོད་ཡིག་གྲངས་འཛིན་དཔེ་མཛོད་ཁང་བསྐྲུན་པའི་ཁྲོད་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱེད་པ་དང་། གྲངས་འཛིན་དཔེ་མཛོད་ཁང་གི་གྲངས་མཛོད་གཞན་པའི་བར་ལེགས་པོར་སྦྲེལ་མཐུད་བྱེད་ཐུབ་པས་བེད་སྤྱོད་ཀྱི་མདུན་ལྗོངས་ཡངས་པོ་ལྡན་པའི་ཁར། བོད་ཀྱི་རིག་གནས་ལ་རྒྱུས་ལོན་དང་། རྒྱུན་འཛིན། སྲུང་སྐྱོབ། དར་སྤེལ་བཅས་བྱེད་པར་དགེ་མཚན་དོད་པོ་ལྡན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།