རྒྱལ་ཡོངས“སྨོན་ལམ་བུམ་པ“སློབ་ཆེན་སློབ་མའི་རྩོམ་ཡིག་འགྲན་བསྡུར་གྱི་བརྡ་ཐོ།
རྒྱལ་ཡོངས“སྨོན་ལམ་བུམ་པའི”རྩོམ་ཡིག་འགྲན་བསྡུར་ནི་མི་རིགས་ཀྱི་སློབ་གསོ་དང་རིག་གནས། སྐད་ཡིག་བཅས་ལ་དུངས་ཞེན་ཆེ་བའི་སྐུ་འབུམ་དགོན་པའི་དགེ་བའི་བཤེས་གཉེན་ཆེན་མོ་སྨོན་ལམ་རྒྱ་མཚོ་ལགས་ཀྱིས་མཐུན་རྐྱེན་སྐྲུན་ཐོག ངེད་ཚགས་པར་ཁང་གིས་གཙོ་སྒྲུབ་བྱས་ཏེ། སློབ་གྲྭ་ཆེ་འབྲིང་གི་སློབ་མའི་གསར་རྩོམ་གྱི་ནུས་པ་སྐྱེད་སྲིང་དང༌། གསར་རྩོམ་གྱི་ལས་ལ་གཞོལ་བའི་སློབ་བུ་དག་ལ་རྩོམ་རྩལ་ངོམས་སའི་གར་སྟེགས་ཤིག་སྐྲུན་པ་ཡིན་ལ། བསྟུན་མུར་ལོ་ངོ་ལྔ་ལྷག་གི་རིང་ལ་ཁ་བྱང་གཅིག་ལ་རྩོམ་ལུས་དང་རྣམ་པ་མི་འདྲ་བའི་སློབ་འབྲིང་སློབ་མའི་འགྲན་རྩོམ་རབ་དང་རིམ་པ་སྤེལ་བས་རྒྱ་ཆེ་ཀློག་མཁན་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད།
ད་ལོ་ནས་བཟུང་སྟེ། དགེ་བཤེས་སྨོན་ལམ་རྒྱ་མཚོ་ལགས་ཀྱིས་སློབ་ཆེན་སློབ་མ་དག་གི་རྩོམ་འབྲིའི་ནུས་པ་གོང་ནས་གོང་དུ་སྤེལ་ཕྱིར་ངེད་ཚགས་པར་ཁང་དང་ལྷན་དུ། རྩོམ་རིག་གི་མངར་ཁ་མྱོང་འདོད་པ་དང༌། རིག་ཞེན་གྱི་དཔུང་བ་ངོམ་འདོད་པའི་ཁྱོད་ལ། སྦྱོང་བརྡར་གྱི་གོ་སྐབས་ཤིག་སྐྲུན་ཆེད་རྒྱལ་ཡོངས“སྨོན་ལམ་བུམ་པའི”སློབ་ཆེན་སློབ་མའི་རྩོམ་ཡིག་འགྲན་བསྡུར་གྱི་བྱེད་སྒོ་འདི་སྤེལ་བ་ཡིན། འདི་ནི་རིགས་ཞེན་གྱི་རྐང་བྲོ་འཁྲབ་སའི་གར་སྟེགས་དེ་ཡིན་ཆོག་ལ། འདི་ནི་སྒྱུ་རྩལ་གྱི་རྐང་མགྱོགས་བསྒྲུབ་སའི་ཐང་ཆེན་དེའང་ཡིན་ཆོག་པས་རྩོམ་རིག་ལ་མོས་པ་ཟབ་པའི་རྒྱ་ཆེའི་སློབ་ཆེན་སློབ་མ་དག་ཐེངས་འདིའི་འགྲན་བསྡུར་ལ་ཞུགས་པར་ལྷག་སེམས་འཁོལ་བའི་ངང་དགའ་བསུ་ཞུའོ། །
ཐེངས་འདིའི་རྒྱལ་ཡོངས“སྨོན་ལམ་བུམ་པའི”རྩོམ་རིག་འགྲན་བསྡུར་གྱི་ཁ་གཏོད་ཡུལ་ནི་སློབ་ཆེན་པ་ཡིན་ལ། བསྟུན་མུར་མི་ལོ་གསུམ་ལ་སྤེལ་རྒྱུ་ཡིན་སྟེ། ལོ་དང་པོར་སྒྲུང་གཏམ་འགྲན་བསྡུར་དང༌། གཉིས་པར་སྙན་ངག་འགྲན་བསྡུར། གསུམ་པར་ལྷུག་རྩོམ་མམ་འབོལ་རྩོམ་འགྲན་བསྡུར་བཅས་སོ། །
འགྲན་ཞུགས་དུས་ཚོད།
ད་ལོའི་སྒྲུང་རྩོམ་འགྲན་བསྡུར་གྱི་རྩོམ་ཡིག་བསྡུ་བའི་དུས་ཚོད་ནི2012ལོའི་ཟླ3པ་ནས་ད་ལོའི་ཟླ12པའི་ར་ཡིན།
འགྲན་བསྡུར་གྱི་ཆ་རྐྱེན།
བརྗོད་དོན་དང་ཁ་བྱང་ལ་གཏན་ཁེལ་མེད་པར་ཚིག་སྦྱོར་བདེ་ཞིང་མི་རིགས་རང་སྐད་ཀྱི་ཁྱད་ཆོས་མངོན་པ། བརྗོད་བྱ་ལེགས་ཤིང་མཚོན་ཐབས་བཟང་བ། ཚིག་འབྲུ2500ལས་མི་བརྒལ་བ། དུས་དེབ་དང་ཚགས་པར་སོགས་གང་ལའང་བཀོད་མ་མྱོང་བའི་བརྩམས་ཆོས་གསར་བ་ཡིན་དགོས་ལ། ཆབ་སྲིད་དང་འཆམ་མཐུན་ལ་མི་གནོད་ཞིང་མི་རིགས་ཡར་སྐུལ་དང་གསར་བཏོད་གསར་སྤེལ་གྱི་སྒྲུང་ཐུང་ཡིན་དགོས།
བྱ་དགའི་རིམ་པ།
ཨང་དང་པོར་བྱ་དགའི་དངུལ་སྒོར2000
ཨང་གཉིས་པར་བྱ་དགའི་དངུལ་སྒོར1000
ཨང་གསུམ་པར་བྱ་དགའི་དངུལ་སྒོར600
གཞན་ཕུལ་བྱུང་བྱ་དགའ་བཅས་སྟེར་རྒྱུ་ཡིན་པས་རྒྱ་ཆེའི་སློབ་ཆེན་པ་དག་ཐེངས་འདིའི་འགྲན་བསྡུར་ལ་ཞུགས་པར་དགའ་བསུ་ཞུ། (རྒྱ་ཆེ་རྩོམ་པ་པོ་རྣམས་ཀྱིས་བརྩམས་ཆོས་སྟེང་འགྲན་བསྡུར་རྩོམ་ཡིག་ཞེས་གསལ་བོར་བྲིས་ཏེ་སྡོད་གནས་དང་རུས་མིང་དངོས་འགོད་རྒྱུ་ལས་པུར་མིང་སྤྱད་མི་ཆོག)
རྩོམ་བསྐུར་ཡུལ།
Email: qhfzb@yahoo.cn
QQ: 527179220
TEL: 0971-6312635
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com