མཚོ་ལྷོ་ཁུལ་གྱིས་སྒོར་ས་ཡ9བཏང་ནས་བྱིས་སྐྱོང་ཁང་འཛུགས་སྐྲུན་བྱེད་རྒྱུ་རེད།
ཟླ2པའི་ཚེས28ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སློབ་སྔོན་སློབ་གསོ་བྱ་བའི་ཚོགས་འདུས་གཏན་ཁེལ་བྱས་པ་ལྟར་ན་ད་ལོར་མཚོ་ལྷོ་ཁུལ་གྱིས་སྒོར་ས་ཡ9བཏང་ནས་ཁུལ་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་བྱིས་སྐྱོང་ཁང་དུ་ཁྲིད་ཆས་དང་། རྩེད་ཆས ། འཚོ་བའི་སྒྲིག་གཞི། དྲོད་གཏོང་སྒྲིག་ཆས་སོགས་ཆ་ཚང་བསྒྲིག་རྒྱུ་ཡིན་པར་མ་ཟད། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་ཁུངས་ཀྱིས་རོང་འབྲོག་སྡེའི་བྱིས་སྐྱོང་ཁང་ལ་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ་རྒྱུ་རེད། ཁོང་ཚོས་བྱིས་སྐྱོང་ཁང་ལ་རོགས་སྐྱོར་བྱས་ནས་སློབ་རའི་འཛུགས་སྐྲུན་དང་། སློབ་རའི་མཛེས་བཀོད། ཁྲིད་ཆས་དང་རྩེད་ཆས། འཚོ་བའི་སྒྲིག་ཆས་ཇེ་མང་དུ་བཏང་སྟེ་བྱིས་སྐྱོང་ཁང་གི་དགེ་རྒན་དང་གྲོན་དངུལ་སོགས་འབུར་དུ་ཐོན་པའི་དཀའ་ཁག་དང་གནད་དོན་ཐག་གཅོད་བྱ་རྒྱུ་རེད།
2011ལོའི་ལོ་སྨད་བར་དུ་ཁུལ་ཡོངས་སུ་བྱིས་སྐྱོང་ཁང219དང་བྱིས་པ13787ཡོད་པ་དང་། རོང་འབྲོག་ཁུལ་གྱི་བྱིས་སྐྱོང་ཁང་དུ་སློབ་སྔོན་ལོ་གསུམ་གྱི་བྱིས་པ6864ཡོད་ཅིང་། སློབ་སྔོན་སློབ་གསོ་མྱོང་བའི་བྱིས་པ་ལོ་རེར་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com