2011ལོ་ཀན་ལྷོ་ཁུལ་ཡོངས་ཀྱི་ཆེད་སྦྱོང་སློབ་གྲྭ་ཆེ་འབྲིང་གི་སློབ་མ་བསྡུ་བའི་བྱ་བ་མཇུག་རྫོགས་པ།
2011ལོའི་ཆེད་སྦྱོང་སློབ་གྲྭ་ཆེ་འབྲིང་གི་སློབ་མ་བསྡུ་བའི་བྱ་བ་དེ་ཀན་སུའུ་ཞིང་ཆེན་དང་ཁུལ་སློབ་བསྡུ་ཨུ་ཡོན་ལྷན་ཁང་གི་འགོ་འཁྲིད་འོག་དང་། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་སོ་སོའི་རྒྱབ་སྐྱོར་འོག ཁུལ་དང་རྫོང་སློབ་བསྡུ་སྡེ་ཁག་གིས་མཉམ་དུ་འབད་བརྩོན་བྱས་པར་བརྟེན་སློབ་མ་བསྡུ་བའི་བྱ་བ་ད་སྐབས་ཡོངས་སུ་མཇུག་རྫོགས།
ཀན་ལྷོ་ཁུལ་ཡོངས་སུ་ད་ལོར་མཐོ་རིམ་སློབ་གྲྭ་དཀྱུས་མར་རྒྱུགས་སྤྲོད་མཁན་གྱི་སློབ་མ་བསྡོམས་པས4790ཡོད་ཅིང་། དེ་ལས4106བསྡུས་པ་དང་། བསྡུ་ཚད 85.72%ཡིན་ལ། ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་བསྡུ་ཚད་ལས་བརྒྱ་ཆེའི་གྲངས་གནས18ཀྱིས་མཐོ་ཞིང་ ལོ་རྒྱུས་སྟེང་ནས་ཆེས་མཐོ་བའི་ཚད་དུ་བསླེབས།
འབྲུག་ཆུ་རྫོང་གི་སློབ་མའི་ནང་དུ་མཐོ་རིམ་སློབ་གྲྭ་ཆེན་མོར་རྒྱུགས་སྤྲོད་མཁན་གྱི་སློབ་མ868ཡོད་པ་ལས809བསྡུས་པ་དང་། བསྡུ་ཚད93.2%ཡིན། དེའི་གྲས་སུ་དྭ་ཕྲུག 13ཡོད་པ་ཚང་མ་སློབ་གྲྭ་ཆེན་མོར་ཞུགས་ཡོད། མི་རིགས་སྐད་ཡིག་གི་རྒྱུགས་ཞུགས་སློར་མས་ཟུང་འགོད་བསྡོམས་སྐར་གྱི་ཐབས་ལ་བརྟེན་ནས་མཐོ་རིམ་དཀྱུས་མའི་རིགས་ཀྱི་སློམ་གྲྭ་ཆེན་མོར་སློབ་མ 61བསྡུས་པ་དང་། དེ་ ན་ནིང་ལས 32ཇེ་མང་དུ་སོང་ཡོད།
ཁུལ་ཡོངས་སུ་འབྲིང་རིམ་དཀྱུས་མའི་སློབ་གྲྭར་རྒྱུགས་སྤྲོད་མཁན་གྱི་སློབ་མ 1316ཡོད་པ་ལས 1256བསྡུས་ཡོད་ཅིང་། དེའི་གྲས་སུ་མཐོ་རིམ་ཆེད་སྦྱོང་སློར་གྲྭར་སློབ་མ 831དང་ཁུལ་ཕྱི་ལོགས་ཀྱི་འབྲིང་རིམ་ཆེད་སྦྱོང་སློབ་གྲྭར་སློབ་མ276བཅས་བསྡུས་ཡོད་ལ། བསྡུ་ཚད95.4%ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com