བོད་ལྗོངས་རིག་གནས་སྒྱུ་རྩལ་ཞིབ་འཇུག་གླིང་བཙུགས་པ།
ཉེ་སྔོན། བོད་རང་སྐྱོང་ལྗོངས་རིག་གནས་སྒྱུ་རྩལ་ཞིབ་འཇུག་གླིང་དེ་ལྷ་ས་ནས་དངོས་སུ་བཙུགས་ལ། ཞིབ་འཇུག་གླིང་འདིས“བོད་ལྗོངས་ལོ་རྒྱུས་རིག་གནས་ཀྱི་རྒྱུ་ཆའི་བརྩམས་ཆོས་འགྲེམ་སྟོན”ཞེས་པ་སྤེལ་བ་དང་མཉམ་དུ་འགོ་རྩོམ་མཛད་སྒོ་བསྡུས་པ་རེད། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྲུའུ་ཞི་གཞོན་པ་པདྨ་རྣམ་རྒྱལ་དང་། བོད་ལྗོངས་དམག་ཁུལ་གྱི་སྲིད་ཨུ་གཞོན་པའམ་ཧྲའོ་ཅང་དབྱང་ཧྲོང་ཅུས། བོད་ལྗོངས་ཀྱི་འབྲེལ་ཡོད་འགོ་ཁྲིད། ལྗོངས་ཕྱི་ནང་གི་སྒྱུ་རྩལ་པ་སོགས་མི300ལྷག་འགོ་རྩོམ་མཛད་སྒོ་སྟེང་ཞུགས་པ་རེད།
བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་སྒྲོག་པུའི་པུའུ་ཀྲང་གཞོན་པའམ་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཧྲིན་ཁེ་ཡོན་གྱིས་བསྟན་དོན། ད་སྐབས་ནི་བོད་ལྗོངས་ཀྱི་སྲིད་འབྱོར་རིག་གསུམ་ལ་འཕེལ་རྒྱས་ཆེན་པོ་འབྱུང་བའི་བསྐལ་བཟང་ཞིག་ཡིན་མོད་ཀྱང་། ས་ཁམས་ཁོར་ཡུག་དང་ལོ་རྒྱུས་སོགས་ཀྱི་དབང་གིས་བོད་ལྗོངས་ཀྱི་དམངས་ཁྲོད་རིག་གནས་སྒྱུ་རྩལ་དང་། ཐོན་ལས་རང་བཞིན་གྱི་ལག་རྩལ་སོགས་ཀྱི་ཐད་ལ་ཞིབ་འཇུག་བྱེད་པ་ཅུང་ཞན་ལ། དམངས་ཁྲོད་སྒྱུ་རྩལ་གྱི་འཛིན་སྤེལ་དང་མང་ཚོགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་མཁོ་འདོད་བར་ད་དུང་ཧེ་བག་ངེས་ཅན་ཞིག་ཡོད་པ་རེད། དེ་བས་བོད་ལྗོངས་རིག་གནས་སྒྱུ་རྩལ་ཞིབ་འཇུག་གླིང་བཙུགས་པ་འདིས་བོད་ལྗོངས་ཀྱི་དམངས་སྲོལ་རིག་གནས་རྒྱུད་འཛིན་བྱེད་པའི་ཐབས་ལམ་གསར་དུ་བསྐྲུན་པ་དང་། དམངས་ཁྲོད་ལག་ཤེས་བཟོ་ལས་གོང་སྤེལ། རིག་གནས་ཀྱི་མཚོན་རྟགས་སོར་འཇོག བོད་ཁམས་སྒྱུ་རྩལ་གྱི་གཉུག་གནས་རང་བཞིན་འཛིན་སྐྱོང་བྱེད་པ་སོགས་ཀྱི་ཐད་ལ་ནུས་པ་ཆེན་པོ་ལྡན་ཞེས་བཤད་པ་རེད།
“བོད་ལྗོངས་ལོ་རྒྱུས་རིག་གནས་ཀྱི་རྒྱུ་ཆའི་བརྩམས་ཆོས་འགྲེམ་སྟོན”སྟེང་ལི་ཡིས་དང་ཉི་མ་ཚེ་རིང་སོགས་སྒྱུ་རྩལ་པ35ལྷག་གི་བོད་ལྗོངས་ལོ་རྒྱུས་རིག་གནས་མཚོན་པའི་ཡིག་རིས་བརྩམས་ཆོས་འགྲེམ་སྟོན་བྱས་ཤིང་། སྒྱུ་རྩལ་པ་འདི་རྣམས་ཀྱིས་བོད་རང་སྐྱོང་ལྗོངས་རིག་གནས་སྒྱུ་རྩལ་ཞིབ་འཇུག་གླིང་གི་བློ་འདོན་པ་དང་། ཡོན་ཀྲང་། ཡོན་ཧྲི། ཞིབ་འཇུག་པ་བཅས་ཀྱི་འགན་བཞེས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com