རི་མོའི་འགྲེམ་སྟོན་སྤེལ་ནས་ཏང་གི་འཁྲུངས་སྐར་བསུ་བ།

རྩོམ་པ་པོ།:རྟ་མགྲིན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-07-01 12:55:00 ཀློག་གྲངས།:

 

སློབ་མ་རྣམས་ཀྱིས་བྲིས་པའི་རི་མོའི་བརྩམས་ཆོས།

        ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་དགུ་བཅུ་ལོན་པར་རྗེས་དྲན་བྱེད་པ་དང་།  བརྩེ་སེམས་ཟབ་མོས་ཏང་གི་འབད་བརྩོན་ལོ་རྒྱུས་ལ་ཕྱིར་དྲན་དང་ལྷག་བསམ་དག་པས་ཏང་གི་བླ་མེད་མཛད་རྗེས་ལ་བསྟོད་གླུ་འབུལ་བ།  རླབས་ཆེན་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་ཕུལ་དུ་བྱུང་བའི་སྤྱོད་ལམ་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ་གཞོན་ནུ་དང་ལོ་ཆུང་བྱིས་པ་རྣམས་ཀྱི་ཕུགས་བམས་དད་འདུན་ལ་སྐུལ་ལྕག་གཏོང་བ་དང་།  ཁོ་ཚོ་ཆུང་ངུའི་དུས་ནས་ཏང་དང་མེས་རྒྱལ་ལ་དགའ་ཞེན་འཆང་བའི་འདུ་ཤེས་འཛུགས་ཆེད།  ཉེ་སྔོན།  གསེར་ཆེན་རྫོང་སློབ་འབྲིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་དགུ་བཅུ་ལོན་པའི་རྟེན་འབྲེལ་ལ“སྔ་དེང་ཞིབ་བསྡུར་”ཞེས་པའི་པར་རིས་འགྲེམ་སྟོན་དང་།  “མེས་རྒྱལ་ལ་བཀའ་དྲིན་ཞུ་བ་དང་ཏང་ལ་བཀའ་དྲིན་ཞུ་བ་”ཞེས་པའི་ཡིག་གཟུགས་དང་རི་མོའི་འགྲན་བསྡུར་བྱ་འགུལ་སྤེལ་བ་རེད། 

སློབ་མ་རྣམས་ཀྱིས་བྲིས་པའི་རི་མོའི་བརྩམས་ཆོས།

        ཐེངས་འདིའི་འགྲེམ་སྟོན་སྟེང་གི་བརྩམས་ཆོས་ཁག་བརྗོད་བྱ་འབུར་དུ་ཐོན་ཅིང་ནང་དོན་ལ་ཡར་སྐུལ་གྱི་ཡོན་ཏན་ལྡན་པ་དང་།  མངོན་པར་གསལ་བའི་དུས་རབས་ཀྱི་ཁྱད་ཆོས་དང་རྔམ་སྟུག་པའི་འཚོ་བའི་ཉམས་འགྱུར་གྱིས་ཁེངས་འདུག་པའི་ཁར།  བསམ་བླའི་རང་བཞིན་དང་སྒྱུ་རྩལ་གྱི་རང་བཞིན་ཡང་ངེས་ཅན་ལྡན་པས།  ས་གནས་མང་ཚོགས་ཀྱི་འབད་བརྩོན་མདུན་སྐྱོད་ཀྱི་སྙིང་སྟོབས་མཚོན་ཐུབ་པར་མ་ཟད།  ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་ནས་གསར་བརྗེ་དང་འཛུགས་སྐྲུན་གྱི་ཕྱོགས་སུ་བླངས་པའི་ཁྱད་འཕགས་གྲུབ་འབྲས་ཀྱང་མཚོན་ཐུབ།

ཡིག་གཟུགས་བརྩམས་ཆོས།

        ཐེངས་འདིའི་བྱ་འགུལ་བརྒྱུད་དེ་སློང་གྲོགས་ཚང་མའི་སེམས་ལ་སློབ་གྲྭའི་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་དང་།  མེས་རྒྱལ་གྱི་དཔྱིད་དཔལ་རྒྱས་པ་ལྟ་བུའི་འཕེལ་རྒྱས་ཐམས་ཅད་ནི། རླབས་ཆེན་ཏང་གི་དབུ་ཁྲིད་འོག་བཅོས་སྒྱུར་སྒོ་འབྱེད་ཀྱི་ཡང་དག་སྲིད་ཇུས་ལག་ལེན་མཐར་ཕྱིན་དང་སྟོབས་ཤུགས་ཅི་ཡོད་ཀྱིས་དཔལ་འབྱོར་ལས་དོན་གོང་དུ་སྤེལ་བའི་གྲུབ་འབྲས་ཡིན་པ་ངོས་ཟིན་གསལ་བོ་སྐྱེས་སུ་བཅུག་ཡོད།

པར་རིས་འགྲེམ་སྟོན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།