བོད་ལྗོངས་མི་རིགས་སློབ་གླིང་ནི་ཆེས་ཐོག་མའི་མི་གཞུང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་རྟེན་གཞིར་གཏན་ཁེལ་བྱས་པ

རྩོམ་པ་པོ།:ཚེ་རིང་སྒྲོལ་མ། ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་དྲ་བ། དུས་ཚོད།:2011-05-01 12:02:00 ཀློག་གྲངས།:

            རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་ཆེས་ཐོག་མའི་མི་གཞུང་སྤྱི་ཚོགས་ཚན་རིག་རྟེན་གཞི་གཙོ་བོའི་མིང་ཐོ་ཁྱབ་སྒྲོག་བྱས་པ་དང་། བོད་ལྗོངས་མི་རིགས་སློབ་གླིང་གི“བོད་ལྗོངས་སྤྱི་ཚོགས་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ཞིབ་འཇུག་རྟེན་གཞི”དེ་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་མི་གཞུང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་རྟེན་གཞི་གཙོ་བོ་བཅུ་གསུམ་ནང་གི་གཅིག་ཏུ་གྱུར། 
             བོད་ལྗོངས་སྤྱི་ཚོགས་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ཞིབ་འཇུག་རྟེན་གཞི་ཡིས་བོད་ལྗོངས་མི་རིགས་སློབ་གླིང་གི་མི་རིགས་རིག་པ་དང་། དཔལ་འབྱོར་རིག་པ། ལོ་རྒྱུས་རིག་པ། གསར་འགྱུར་བརྒྱུད་སྤེལ་སོགས་རིག་གནས་ཚན་ཁག་གི་བཟང་སྟོབས་གཅིག་ཏུ་བསྡུས་ཡོད་པས། མི་གཞུང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁྲོད་ཀྱི་མི་རིགས་རང་བཞིན་དང་། ས་ཁོངས་རང་བཞིན་འཕེལ་རྒྱས་ཀྱི་ཁྱད་ཆོས་མངོན་པར་མཚོན་ཡོད། 
            ཞིབ་འཇུག་རྟེན་གཞིའི་ཡར་ཞུ་ལ་ཆོག་མཆན་བཀོད་པ་དེས། རིག་གཞུང་གསར་སྐྲུན་བྱེད་པར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པ་དང་། ཚན་རིག་འཕེལ་རྒྱས་ཀྱི་མདུན་གྲོས་ལ་དམིགས་པ། ས་ཁོངས་འཕེལ་རྒྱས་དང་དམ་པོར་སྦྲེལ་བ། རྒྱལ་ཁབ་ཀྱི་དགོས་མཁོ་ལྟར་རྒྱལ་ཁབ་ཕྱི་ནང་ནས་མཉམ་ལས་དང་བརྗེ་རེས་བྱེད་པ། རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་སྐྱེད་བསྲིང་བྱེད་པ། བློ་འདྲི་ཞབས་ཞུའི་རྟེན་གཞི་འཛུགས་པ་སོགས་ལ་འཕེལ་རྒྱས་ཀྱི་སྟེགས་བུ་འདོན་སྤྲོད་བྱས་པ་དང་། དེ་ནི་བོད་ལྗོངས་མི་རིགས་སློབ་གླིང་གི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཐད་ཀྱི་གྲུབ་འབྲས་གསར་བ་ཞིག་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།