བོད་ལྗོངས་གཏིང་སྐྱེས་རྫོང་གི་ན་གཞོན་སྐོར་ཞིག་སི་ཁྲོན་ཆིན་ཧྲིན་རྫོང་དུ་སྨྱུག་མའི་སྒྱུ་རྩལ་སྦྱོང་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-04-20 11:02:00 ཀློག་གྲངས།:


སི་ཁྲོན་ཆིན་ཧྲིན་རྫོང་ཀྲུང་གོའི་སྨྱུག་མའི་སྒྱུ་རྩལ་གྲོང་ཁྱེར་དུ་བོད་རིགས་སློབ་མས་
རང་ཉིད་ཀྱི་སྨྱུག་མའི་ལག་རྩལ་བརྩམས་ཆོས་མངོན་པ།


བོད་རིགས་སློབ་མ་ཚེ་དབང་ལྷ་དཀར་གྱིས་སྨྱུག་མའི་སྒྱུ་རྩལ་སྦྱང་བཞིན་པ། 

            ད་ལོའི་ཟླ2བའི་ནང་བོད་ལྗོངས་གདེང་སྐྱེས་རྫོང་གི་བོད་རིགས་ན་གཞོན12ལྷག་སི་ཁྲོན་ཞིང་ཆེན་མཱེ་ཧྲན་གྲོང་ཁྱེར་ཆིན་ཧྲིན་རྫོང་ཀྲུང་གོའི་སྨྱུག་མའི་སྒྱུ་རྩལ་གྲོང“རྒྱལ་སྤྱིའི་སྨྱུག་རྐང་དྲ་རྒྱ་ལྟེ་གནས་གསོ་སྦྱོང་ས་ཁུལ”དུ་ཡོང་སྟེ།  ཟླ3ལྷག་གི་སྨྱུག་མའི་ལག་རྩལ་གསོ་སྦྱོང་ལ་བཞུགས་ཤིང་།   ཟླ4ཚེས17ཉིན།  བོད་རིགས་སློབ་མ་ཚོས་སྨྱུག་མའི་ལག་རྩལ་སྦྱངས་ཏེ་འཛིན་གྲྭའི་ནང་སློབ་གྲོགས་ཕན་ཚུན་བར་ལ་རང་ཉིད་ཀྱི་བརྩམས་ཆོས་འགྲེམ་སྟོན་བྱས་པ་རེད།


བོད་རིགས་སློབ་མས་སྨྱུག་མའི་སྒྱུ་རྩལ་སྦྱང་བཞིན་པ།


བོད་རིགས་སློབ་མ་སྒྲོལ་མ་དང་སློབ་གྲོགས་རྣམས་ཕན་ཚུན་ལ་རང་ཉིད་ཀྱི་སྨྱུག་མའི་སྒྱུ་རྩལ་སྟོན་པ།


དགེ་རྒན་གྱིས་སློབ་མ་ཚོའི་སྨྱུག་མའི་སྒྱུ་རྩལ་ལ་གདེང་འཇོག་བྱེད་བཞིན་པ།

            གཏིང་སྐྱེས་རྫོང་དུ་སྨྱུག་མའི་ཐོན་ཁུངས་ཕུན་སུམ་ཚོགས་པར་ཡོད་ལ། 2010ལོ་ནས་བཟུང་རྫོང་འདིས་ན་གཞོན་རྣམས་སི་ཁྲོན་ཆིན་ཧྲིན་རྫོང་དུ་སྨྱུག་མའི་ལག་རྩལ་སློབ་པར་མངགས་ཤིང་།   ཁོ་ཚོ་ཕྱིར་ཕ་ཡུལ་དུ་ལོག་རྗེས་སྨྱུག་མའི་སྒྱུ་རྩལ་ཕྱོགས་ཀྱི་བྱ་ལས་སྒྲུབ་ཆོག་པ་དང་།  ཞོར་དུ་ཡུལ་མི་མང་ཚོགས་རྣམས་ཕྱུག་འགྱུར་གྱི་ལམ་ལ་སྙེགས་པར་ཡར་སྐུལ་བྱེད་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།