དཔལ་མགོན་རྫོང་དུ་སློབ་གྲྭ་འབྲིང་ཆུང་སྨྱན་མང་སློབ་ཁྲིད་ཀྱི་འགྲན་བསྡུར་སྤེལ་པ།
ཉེ་ལམ་དཔལ་མགོན་རྫོང་སློབ་གསོ་ཅུས་གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། སློབ་ཁྲིད་ཐབས་ལམ་ལེགས་བཅོས་བྱས་ནས་སྨྱན་མང་སློབ་ཁྲིད་ཡོ་བྱད་གསར་སྤེལ་དང་འཛུགས་སྐྲུན་གྱི་ཆུ་ཚད་གོང་མཐོར་གཏོང་ཕྱིར་དཔལ་མགོན་རྫོང་སློབ་གསོ་ཅུས་ཀྱིས་རྫོང་སློབ་འབྲིང་གི་སྨྱན་མང་གློག་ཀློག་སློབ་ཁང་དུ་སློབ་གྲྭ་འབྲིང་ཆུང་གི་སློབ་ཁྲིད་འགྲན་བསྡུར་སྐབས་དང་པོ་དེ་བྱས་པ་རེད། དགེ་རྒན་མི་གྲངས27ཙམ་འགྲན་བསྡུར་ནང་ཞུགས་པ་དང་བྱ་དགའ་རིམ་པ་དང་པོ་མི2དང་། རིམ་པ་གཉིས་པ་མི3། རིམ་པ་གསུམ་པ་མི4དེ་བཞིན་སྐུལ་ལྕག་བྱ་དགའ་མི4བཅས་དཔྱད་འདེམས་བྱས་པ་རེད།
དཔལ་མགོན་རྫོང་སློབ་གསོ་ཅུས་ཀྱིས་འབྲེལ་ཡོད་འགན་འཁུར་བས་སྐབས་དེའི་འགྲན་བསྡུར་གོ་སྐབས་དང་བསྟུན་ནས་ཧུར་བརྩོན་ཆེན་པོའི་ངང་ནས་སློབ་གསོའི་ལག་རྩལ་ཁྱབ་གདལ་དང་། སློབ་གསོ་ཆ་འཕྲིན་ཅན་གྱི་དཔུང་ཁག་འཛུགས་སྐྱོང་། སློབ་གསོའི་ཐོན་ཁུངས་གསར་སྤེལ་བཅས་སློབ་གྲྭ་ཚང་མར་ཁྱབ་སྤེལ་གཏོང་རྒྱུ་ཡིན་ཞེས་གསུང་འདུག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com