གྲངས་ཉུང་མི་རིགས་ཡིག་རིགས་ཀྱི་དཔེ་རྙིང་སྲུང་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་ཡིན་པ།

རྩོམ་པ་པོ།:རིན་ཆེན་གྱིས་བསྒྲིགས། ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར།  དུས་ཚོད།:2011-04-02 10:58:00 ཀློག་གྲངས།:
            ཟླ3ཚེས29ཉིན་གསར་འགོད་པས་རིག་གནས་པུའུ་ནས་ཤེས་རྟོགས་བྱུང་བར།“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གྲངས་ཉུང་མི་རིགས་ཡིག་རིགས་ཀྱི་དཔེ་རྙིང་སྲུང་སྐྱོང་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔེ་རྙིང་ཉར་ཚགས་ཁ་ཐོར་ཡིན་པ་དང་། སྲུང་སྐྱོང་གི་ཆ་རྐྱེན་བལྟོས་བཅས་ཀྱིས་ཞན་ཙམ་ཡོད་པ། ཤེས་ལྡན་མི་སྣ་དང་མ་དངུལ་དཀོན་པ་བཅས་ཀྱི་གནས་ཚུལ་ལ་དམིགས་ནས་འབྲེལ་ཡོད་སྡེ་ཚན་གྱིས་དམིགས་བསལ་རང་བཞིན་ཡོད་པའི་སྒོ་ནས་ཆེད་དོན་སྲུང་སྐྱོང་གི་ཇུས་གཞི་བཟོས་ཏེ་སྲིད་ཇུས་དང་། མ་དངུལ། ཤེས་ལྡན་མི་སྣ། ལག་རྩལ་སོགས་ཀྱི་ཐད་ནས་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
            རིག་གནས་པུས་བོད་ཀྱི་དཔེ་རྙིང་སྲུང་སྐྱོང་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི་བླང་བྱར་མུ་མཐུད་གཞིགས་ཏེ་བོད་ཀྱི་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་སོགས་ཀྱི་ལས་དོན་ཁག་གི་འཕེལ་རིམ་མགྱོགས་སུ་གཏོང་དགོས་པ་དང་། ཤིན་ཅང་གི་དཔེ་རྙིང་སྲུང་སྐྱོང་བྱེད་པའི་ཆེད་དོན་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་བཙུགས་ཏེ་ཤིན་ཅང་གི་སྤྱི་པའི་དཔེ་རྙིང་ཉར་ཚགས་ཚན་པའི་གྲངས་ཉུང་མི་རིགས་ཡིག་རིགས་ཀྱི་དཔེ་རྙིང་སྲུང་སྐྱོང་གི་ལས་དོན་གཙོ་གནད་ཐོག་ཡག་པོ་བསྒྲུབ་པ་དང་ཚད་ལྡན་ཡིག་ཆ་གལ་ཆེན་ཁག་གཅིག་ལེགས་སྒྲིག་དང་དཔེ་སྐྲུན་བྱེད་པའི་ལས་དོན་སྤེལ་ནས་དམངས་ཁྲོད་དུ་ཁྱབ་པའི་ཚད་ལྡན་ཡིག་ཆ་དང་གསུང་རབ་བསྡུ་སྒྲིག་ཧུར་ཐག་བྱེད་དགོས་པ། མན་ཇུའི་ཡི་གེའི་ཚད་ལྡན་ཡིག་ཆ་ཡོངས་ཁྱབ་ཞིབ་བཤེར་དང་སྲུང་སྐྱོང་གི་ལས་དོན་ཧུར་ཐག་སྤེལ་བ། གྲངས་ཉུང་མི་རིགས་ས་ཁུལ་གཞན་དག་གི་གྲངས་ཉུང་མི་རིགས་ཡིག་རིགས་ཀྱི་དཔེ་རྙིང་སྲུང་སྐྱོང་བྱེད་པ་དང་དོན་དངོས་དང་ཟུང་འབྲེལ་བྱས་ནས་འོས་འཚམ་སྐབས་སྲུང་སྐྱོང་ལས་དོན་གྱི་ཆེད་དོན་རྣམ་གྲངས་འཛུགས་པ་དང་འབྲེལ་ཡོད་ལས་དོན་དུས་ཐོག་ཏུ་སྤེལ་ནས་རང་རྒྱལ་གྲངས་ཉུང་མི་རིགས་ཡིག་རིགས་ཀྱི་དཔེ་རྙིང་ཁྱོན་ཡོངས་ནས་སྲུང་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།