ཨ་རིའི་བོད་རིག་པའི་མཁས་དབང་གིས་ཀྲུང་གོའི་བོད་ཀྱི་སྐད་གཉིས་སློབ་གསོའི་ཕན་ཡོན་སྐོར་གསུངས་པ།
ཨ་རིའི་ཧྥོའོ་ཅི་ཉི་ཡ་སློབ་ཆེན་གྱི་བོད་རིག་པའི་མཁས་དབང་ཏས་ཝུད་འཇིར་མ་ནོ་ཡིས་ཀྲུང་གོའི་བོད་ཁུལ་དུ་སྔ་ཕྱི་བར་གསུམ་དུ་བོད་ཡིག་དང་རྒྱ་ཡིག་གི་སྐད་གཉིས་སློབ་གསོ་རྒྱུན་འཁྱོངས་བྱས་པར་གདེང་འཇོག་ཆེན་པོ་གནང་ཞིང་། ཁོང་གིས་སྐད་གཉིས་སློབ་གསོ་ནི་དེང་རབས་སྤྱི་ཚོགས་ཕྱོགས་སུ་བསྐྱོད་པའི་དུས་མཚུངས་སུ་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱེད་པར་ཕན་པ་ཆེན་པོ་ལྡན་པའི་ངོས་འཛིན་གནང་ཡོད།
འཇིར་མ་ནོ་ནི་ཧྥོའུ་ཅི་ཉི་ཡ་སློབ་ཆེན་གྱི་ཆོས་ལུགས་ཞིབ་འཇུག་ཚན་ཁག་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཞིག་ཡིན་པ་དང་། གཙོ་བོ་བོད་ཡིག་དང་བོད་ཀྱི་རྩོམ་རིག དེ་བཞིན་བོད་བརྒྱུད་ནང་བསྟན་ཆོས་ལུགས་བཅས་ལ་ཞིབ་འཇུག་གནང་གི་ཡོད། དུས་མཚུངས་སུ་ཁོང་ནི་སློབ་གྲྭ་དེ་གའི“བོད་ལྗོངས་ལྟེ་གནས”ཀྱི་མཉམ་འབྲེལ་ཀྲུའུ་རེན་ཡིན་པ་མ་ཟད་བོད་ལྗོངས་དང་ཧི་མ་ལ་ཡའི་གློག་རྡུལ་དཔེ་མཛོད་ཁང་གསར་འཛུགས་གནང་མཁན་ཞིག་ཀྱང་ཡིན།
འཇིར་མ་ནོ་ཡིས1986ལོའི་དབྱར་དུས་བོད་ལྗོངས་ལ་འཚམས་འདྲི་ཐེངས་དང་པོ་བྱས་པ་ནས་བཟུང་ད་བར་རང་ཉིད་ཀྱིས་བོད་ལ་འཚམས་འདྲི་ཐེངས20ཙམ་བྱས་ཤིང་། ཉེ་དུས་འཚམས་འདྲི་བྱེད་པའི་དུས་ཚོད་ནི2010ལོའི་ཟླ7པའི་སྐབས་ཡིན་པ་དང་། བོད་ལ་འཚམས་འདྲི་བྱས་ནས་རིག་གཞུང་ཞིབ་འཇུག་བྱེད་པ་ཕུད། ད་དུང་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་བར་གྱི་བོད་རིག་པའི་ཞིབ་འཇུག་སྐོར་གྱི་སློབ་གསོའི་སྤེལ་རེས་ཐད་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་ཅེས་གསུངས།
ཁོང་གིས་བོད་ལྗོངས་སུ་འཚམས་འདྲི་ཐེངས་དང་པོ་བྱས་རྗེས་ཀྱི་ལོ་ངོ20ལྷག་ཙམ་ནང་།བོད་ལྗོངས་ཀྱི་འགྲིམ་འགྲུལ་དང་དེ་མིན་རྨང་གཞིའི་སྒྲིག་བཀོད་སོགས་ཚང་མར་ལེགས་བཅོས་མངོན་གསལ་དོད་པོ་བྱུང་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཀྱང་མཐོ་རུ་ཕྱིན་ཡོད། རང་ཉིད་བོད་རིག་པ་མཁས་ཅན་དང་སློབ་གསོ་མཁས་ཅན་ཞིག་ཡིན་པའི་ངོས་ནས་བོད་ལྗོངས་ས་ཁུལ་གྱི་སློབ་གསོའི་གནད་དོན་ལ་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས།
འཇིར་མ་ནོ་ཡིས་དེང་རབས་སྤྱི་ཚོགས་དང་མཉམ་འདྲེས་བྱེད་པ་དང་ཆབས་ཅིག་རང་ངོས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཁྱོངས་བྱ་རྒྱུར་གཙིགས་འཛིན་བྱ་རྒྱུ་ནི་བོད་ལྗོངས་ས་ཁུལ་གྱི་འཕེལ་རྒྱས་ལ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ཞེས་གསལ་སྟོན་གནང་།
ཁོང་གིས“ངས་སེམས་ཁུར་བྱེད་ཡུལ་ཆེ་ཤོས་ནི། དེང་རབས་ཅན་གྱི་སློབ་གསོའི་སྒྲིག་སྲོལ་བཙུགས་ནས་བོད་ལྗོངས་ཀྱི་མི་དམངས་ལ་དངོས་ཁམས་དང་རྫས་འགྱུར་སོགས་དེང་རབས་ཀྱི་ཚན་རིག་ཤེས་བྱ་སློབ་སྦྱོང་བྱེད་པའི་གོ་སྐབས་ཡོད་པ་དང་། དུས་མཚུངས་སུ་བོད་ཡིག་དང་བོད་ཀྱི་རྩོམ་རིག་མུ་མཐུད་སློབ་སྦྱོང་བྱས་ནས་རང་ངོས་ཀྱི་ཁྱད་ལྡན་སྲོལ་རྒྱུན་རིག་གནས་རྒྱུན་འཁྱོངས་བྱེད་ཐུབ་པ་བྱ་རྒྱུ་དེ་ཡིན”ཞེས་གསུངས །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com