མཚོ་སྔོན་ཞིང་ཆེན་སློབ་གསོ་འཕེལ་རྒྱས་ཐེབས་རྩ་ཚོགས་པས་མ་དངུལ་སྒོར་བྱེ་བ་གཅིག་བསྡུ་སྒྲིག་བྱས་པ།

རྩོམ་པ་པོ།:བསོད་ནམས་ལྷ་མོ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2011-03-27 10:18:00 ཀློག་གྲངས།:
            ཉེ་ལམ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་སྐབས་དང་པོའི་ལས་འཛིན་ཚོགས་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་རྒྱུས་ལོན་བྱུང་པའི་གནས་ཚུལ་ལྟར་ན། ན་ནིང་གི་ཟླ9བའི་ཚེས20ཉིན་སློབ་གསོ་ཐེབས་རྩ་ཚོགས་པ་བཙུགས་པ་ནས་ཟླ12པའི་ཟླ་མཇུག་བར་གྱི་ཟླ་བ4ཡི་ནང་དུ་བསྡོམས་པས་ཁེ་ལས་ལས་དོན་ལས་ཁུངས་དང་། མི་སྒེར་བཅས་ཀྱིས་ཞལ་འདེབས་སུ་ཕུལ་པའི་དངོས་པོ་དང་མ་དངུལ་སྒོར་མོ་ས་ཡ་དགུ་དང་འབུམ་བདུན་ཁྲི་བདུན་སྟོང་ལྔ་ལྷག་འབྱོར་བ་དང་། དེའི་ནང་ཐེབས་རྩ་ཚོགས་པ་རང་གི་མ་དངུལ་སྒོར་མོ་ས་ཡ་བཞི་དང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་ཕུལ་པའི་མ་དངུལ་སྒོར་མོ་འབུམ་གཅིག་བཅས་བསྡོམས་པས་སྒོར་མོ་བྱེ་བ་གཅིག་འཛོམས། 
            ན་ནིང་ལོ་མཇུག་བར་དུ་མ་དངུལ་གཏོང་དགོས་པའི་ལས་གཞི་གཉིས་གྲུབ་པ་དང་བསྡོམས་པས་མ་དངུལ་སྒོར་མོ་ས་ཡ་གཉིས་དང་འབུམ་གཉིས་བཏང་། ད་ལོར་མཚོ་སྔོན་ཞིང་ཆེན་སློབ་གསོ་འཕེལ་རྒྱས་ཐེབས་རྩ་ཚོགས་པས་ལས་གཞི་བཅུ་གཉིས་ཡོངས་འགྲུབ་བྱེད་རྒྱུ་ཡིན་པ་དང་། དེར་མ་དངུལ་སྒོར་མོ་ས་ཡ་གསུམ་དང་འབུམ་གཅིག་ཁྲི་ལྔ་སྟོང་ལྔ་ལྷག་གཏོང་རྒྱུ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།