མཚོ་སྔོན་གྱིས་ད་ལོ་སྒོར་བྱེ་བ་གསུམ་བཏང་ནས་སློབ་སྔོན་སློབ་གསོ་གོང་དུ་སྤེལ་རྒྱུ་ཡིན།
རྒྱུས་ལོན་པ་ལྟར་ན་མཚོ་སྔོན་ཞིང་ཆེན་གྱིས་ད་ལོ་སྒོར་བྱེ་བ་གསུམ་གྱི་ཆེད་དངུལ་བཏང་ནས་ཞིང་ཆེན་ཡོངས་ཀྱི་སློབ་སྔོན་སློང་གསོའི་ལས་དོན་གོང་དུ་སྤེལ་རྒྱུ་ཡིན་ལ། དེ་མིན་ལོ་གསུམ་གྱི་དུས་ཚོད་བེད་སྤྱད་དེ་རོང་འབྲོག་ས་ཁུལ་གྱི་བྱིས་པ་མང་ཆེ་ཤོས་བྱིས་བཅོལ་ཁང་དུ་འཇུག་པའི་གནད་དོན་ཐག་བཅད་དེ་སློབ་སྔོན་གྱི་ལོ་གཅིག་སློབ་གསོ་བྱ་བ་ཕལ་ཆེར་ཁྱབ་གདལ་དུ་གཏོང་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་འགོ་གཙོ་བང་དབྱི་པོས་བཤད་པ་ལྟར་ན། མཚོ་སྔོན་གྱི་བྱིས་པའི་སློབ་གསོའི་ཐོན་ཁོངས་མི་འདང་བའི་གནད་དོན་རྩ་བའི་སྟེང་ཐག་བཅད་དེ་སློབ་ལོ་རན་པའི་བྱིས་པ་བྱིས་བཅོལ་ཁང་དུ་འཇུག་པའི་དགོས་མཁོ་བསྐང་བའི་ཆེད་དུ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ད་ལོ་ནོར་སྲིད་སྔོན་རྩིས་སྒོར་བྱེ་བ་གསུམ་བཀོད་སྒྲིག་བྱས་ཏེ་ཆེད་དུ་སློབ་སྔོན་སློབ་གསོ་བྱ་བ་གོང་སྤེལ་དུ་གཏོང་བའི་ཕྱོགས་སུ་སྤྱོད་རྩིས་ཡོད་ཟེར། མིག་སྔར། མཚོ་སྔོན་ཞིང་ཆེན་གྱིས《སློབ་སྔོན་སློབ་གསོ་སྐུལ་འདེད་བཟོ་བཀོད་ལག་བསྟར་བྱེད་པའི་ཚོད་ལྟའི་ལས་གཞི་བྱ་བའི་འཆར་གཞི》གཏན་ལ་ཕབ་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ས་ཁུལ་ནས་ཟི་ལིང་གྲོང་ཁྱེར་གྱི་ཧོང་ཀྲུང་རྫོང་དང་། མཚོ་ཤར་ས་ཁུལ་གྱི་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྐང་ཚ་རྫོང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གསེར་ཆེན་རྫོང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་དབུས་ལམ་རྫོང་སོགས་འཐུས་ཚབ་རང་བཞིན་ལྡན་པའི་རྫོང་ཁག་ལྔ་ཚོད་ལྟ་ས་ཁུལ་དུ་གདམ་སྟེ། ཚོད་ལྟ་ས་ཁུལ་འདི་དག་གི་ཡུལ་ཚོ་དང་གྲོང་རྡལ་སོ་སོ་ནས་བྱིས་བཅོལ་ཁང་བཞི་བཅུ་ཞེ་དྲུག་གསར་དུ་འཛུགས་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་པ་ལྟར་ན་ད་ལོའི་སྤྱི་ཟླ་བརྒྱད་པའི་ནང་དངོས་སུ་བེད་སྤྱོད་གཏོང་ཐུབ་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com