མཚོ་སྔོན་གྱིས་ད་ལོར་མ་དངུལ་སྒོར་ཁྲི3000བཏང་ནས་སློབ་ཞུགས་སྔོན་གྱི་སློབ་གསོ་འཕེལ་རྒྱས་སུ་གཏོང་རྒྱུ་རེད
མཚོ་སྔོན་ཞིང་ཆེན་གྱིས་ད་ལོར་ཆེད་སྤྱོད་མ་དངུལ་སྒོར་ཁྲི3000བཏང་ནས་སློབ་ཞུགས་སྔོན་གྱི་སློབ་གསོ་འཕེལ་རྒྱས་སུ་གཏོང་རྒྱུ་རེད། གཞན་ཡང་། མཚོ་སྔོན་གྱིས་དུས་ཡུན་ལོ3བེད་སྤྱད་དེ་རོང་འབྲོག་ཁུལ་གྱི་བྱིས་པ་ཕལ་ཆེ་བ་བྱིས་གཉོར་ཁང་དུ་བསྐྱལ་བའི་གནད་དོན་ཐག་བཅད་དེ་གཞི་རྩའི་ཐོག་སློབ་ཞུགས་སྔོན་གྱི་ལོ་གཅིག་གི་སློབ་གསོ་ཁྱབ་གདལ་དུ་གཏོང་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་ཐིན་ཀྲང་ཝང་ཡུས་པའོ་ཡིས་བཤད་རྒྱུར། གཞི་རྩའི་ཐོག་མཚོ་སྔོན་གྱི་བྱིས་པའི་སློབ་གསོ་ཐོན་ཁུངས་མི་འདང་བའི་གནད་དོན་ཐག་གཅོད་པ་དང་། ལོ་ཚོད་རན་པའི་བྱིས་པ་བྱིས་གཉོར་ཁང་དུ་བསྐྱལ་བའི་དགོས་མཁོ་སྐོང་ཆེད། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ད་ལོར་ནོར་སྲིད་སྔོན་རྩིས་མ་དངུལ་སྒོར་ཁྲི3000བཀོད་སྒྲིག་བྱས་ཏེ། ཆེད་དུ་སློབ་ཞུགས་སྔོན་གྱི་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་ཐད་བཀོལ་རྒྱུ་ཡིན། མིག་སྔར། མཚོ་སྔོན་ཞིང་ཆེན་གྱིས《སློབ་ཞུགས་སྔོན་གྱི་སློབ་གསོ་ལག་བསྟར་སྐུལ་འདེད་ཚོད་ལྟའི་ལས་གཞི་བྱ་བའི་འཆར་འགོད》གཏན་འཁེལ་བྱས་པ་མ་ཟད། རོང་འབྲོག་ཁུལ་དུ་ཟི་ལིང་གྲོང་ཁྱེར་གྱི་ཧོང་ཀྲུང་རྫོང་དང་མཚོ་ཤར་ས་ཁུལ་གྱི་དཔའ་ལུང་རྫོང་། མཚོ་བྱང་ཁུལ་གྱི་རྐང་ཚ་རྫོང་། མཚོ་ལྷོ་ཁུལ་གྱི་གུང་ཧོ་རྫོང་། མཚོ་ནུབ་ཁུལ་གྱི་ཝུའུ་ལན་རྫོང་བཅས་འཐུས་ཚབ་རང་བཞིན་གྱི་རྫོང5བདམས་ནས་ཚོད་ལྟའི་ས་ཁུལ་དུ་གཏན་འཁེལ་བྱས་པ་དང་། ཞང་གྲོང་གི་བྱིས་གཉོར་ཁང46འཛུགས་སྐྲུན་བྱེད་རྒྱུ་ཡིན་ལ། ཚོད་དཔག་ལྟར་ན་ད་ལོའི་ཟླ8པར་བཀོལ་སྤྱོད་བྱེད་ཐུབ་རྒྱུ་རེད།
རྒྱུས་ལོན་བྱས་པ་ལྟར་ན། 2010ལོར་མཚོ་སྔོན་ཞིང་ཆེན་དུ་བྱིས་གཉོར་ཁང133གསར་སྣོན་བྱས་ཏེ་ཞིང་ཆེན་ཡོངས་སུ་བསྡོམས་པས་བྱིས་གཉོར་ཁང599ཡོད་ལ། བྱིས་གཉོར་ཁང་གི་བྱིས་པ111950ཡོད། སློབ་ཞུགས་སྔོན་གྱི་ལོ་གསུམ་ཅན་གྱི་བྱིས་པ་བྱིས་གཉོར་ཁང་དུ་བསྐྱལ་ཚད45%ལ་བསླེབས། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com