ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཐེངས33པའི3.12སྡོང་འཛུགས་ནགས་སྐྲུན་བྱས་པ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-03-14 09:07:00 ཀློག་གྲངས།:


དགེ་རྒན་གྱིས་ཁྲིད་སྟོན་བྱེད་བཞིན་སྡོང་འཛུགས་ཀྱི་ལས་ལ་བརྩོན་པ།


ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བློ་ལྡན་གླིང་གི་ཆུང་ཆུང་བྱིས་པ་
སྐོར་ཞིག་གིས་དགའ་བའི་འཛུམ་མདངས་རྩེད་འཇོ་རུ་སྦྲེལ་ནས་
ངལ་རྩོལ་གྱི་ལས་དང་པོར་ཞུགས་བཞིན་པ།


སྡོང་འཛུགས་བྱེད་བཞིན་པའི་ཚུལ། 


དགེ་སློབ་ཟུང་གིས་དཔུང་བ་མཉམ་བསྐྱོད་དང་ལག་རྡང་གཅིག་ཏུ་
སྦྲེལ་ནས་ངལ་རྩོལ་གྱི་ལས་ལ་ཞུགས་བཞིན་པ།


ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་ཤེས་རབ་གླིང་གི་སློབ་བུ་སྐོར་ཞིག་གིས་
མཐུན་སྒྲིལ་ནི་སྟོབས་ཤུགས་སུ་བཅོལ་ཏེ་སྐྱིད་དུས་རྟ་ཕོ་མཉམ་ཞོན་དང་སྡུག་
དུས་ཁུར་བོ་མཉམ་ཁུར་སྒོས་ཧུར་ཐག་བརྒྱ་འགྱུར་བྱེད་བཞིན་པ།


ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བརྩོན་འགྲུས་གླིང་གི་ལང་ཚོ་དར་ལ་བབ་པའི་སློབ་གྲོགས་
སྐོར་ཞིག་གིས་ཆེས་ལྕི་བའི་འགན་ཁུར་ཕྲག་ཏུ་བླངས་ནས་སློབ་གྲོགས་གཞན་རྣམས་ལ་
རང་དཔེ་གཞན་སྟོན་གྱི་མིག་དཔེ་བཟང་བོ་སྟོན་བཞིན་པ།

            2011ལོའི་སྤྱི་ཟླ3པའི་ཚེས12ཉིན། རེབ་ཐེངས33པའི་རྒྱལ་སྤྱིའི་སྡོང་འཛུགས་ནགས་སྐྲུན་གྱི་དུས་ཆེན་འདི་ལ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་ཉིན་གུང་གི་ཆུ་ཚོད2ནས་མགོ་བརྩམས་ཏེ་སློབ་གྲྭའི་ཁོར་ཡུག་ཀུན་གྱི་མི་གཙང་བའི་གད་སྙིགས་གཙང་སེལ་བྱེད་པ། སྐྱེད་ཚལ་ལ་ཞིབ་ལས། ཁོད་སྙོམ་པའི་སྤང་ཐང་དང་ཕྲེང་བསྟར་བའི་སྡོང་ཕྲུག་རེ་རེར་མ་ལུས་པར་ཆུ་གཏོར་བ། སྡོང་ཕྲུག་འཛུགས་དགོས་སར་སྡོང་ཕྲུག་གསར་བ་ཁ་སྐོང་བྱས་ལ།  དགེ་སློབ་བར་ལ་བར་ཐག་མེད་ཅིང་། ལོ་རིམ་བར་ལ་མཐོ་དམའ་མེད་པར་ཡོད་ཚད་ཀྱིས་རང་རང་གི་འོས་འགན་གཙིགས་སུ་བཟུང་སྟེ་འདུར་རྒྱུག་དང་ཧུར་བརྩོན་གྱི་རྔུལ་ཆུའི་ཁྲོད་ན3.12སྡོང་འཛུགས་ནགས་སྐྲུན་གྱི་ཉིན་མོ་འདི་སེམས་ཀྱིས་འཚོས་ཡོད། དོན་ཕྲན་ཚེགས་འདིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་རྨ་མེད་པ་ཞིག་ཡིད་ངོར་སིམ་ཡོད་པ་ངང་གིས་ཤེས་ཐུབ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།