ད་ལོར་བོད་ལྗོངས་ཀྱིས་ཞིང་ཁྱིམ་དཔེ་ཁང3331བསྐྲུན་རྒྱུ་ཡིན་པ།
གསར་འགོད་པས་བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུས་ནས་ཤེས་གསལ་ལྟར་ན། ད་ལོར་བོད་ལྗོངས་ཀྱིས་གསར་འགྱུར་དཔེ་སྐྲུན་གྱི་སྤྱི་བའི་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཡོད་རྒུ་བཏོན་ཏེ། ཞིང་ཁྱིམ་དཔེ་ཁང3331འཛུགས་སྐྲུན་བྱེད་པའི་ལས་འགན་ལེགས་འགྲུབ་བྱས་ཁར། མང་ཚོགས་ཀྱིས་དཔེ་ཆ་གཡོར་དཀའ་བ་དང་། དཔེ་ཆར་ལྟ་དཀའ་བ། དཔེ་ཆ་སྤྱོད་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱ་རྒྱུ་རེད།
ཤེས་གསལ་ལྟར་ན། བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། 2007ལོར་ཞིང་ཁྱིམ་དཔེ་ཁང་འཛུགས་སྐྲུན་བྱས་པའི་ཚུན་དུ་བོད་ལྗོངས་སུ་ཁྱོན་སྡོམ་ཞིང་ཁྱིམ་དཔེ་ཁང2000འཛུགས་སྐྲུན་བྱས་ཡོད། ད་ལོར་བོད་ལྗོངས་ཀྱིས་སླར་ཡང་ཞིང་ཁྱིམ་དཔེ་ཁང3331བསྐྲུན་རྩིས་ཡོད་པ་མ་ཟད། དཔེ་ཁང་རེར་སྒོར་ཁྲི3གཏོང་བའི་ཚད་གཞི་གཞིར་བཟུང་ནས་འཛུགས་སྐྲུན་བྱ་རྒྱུ་རེད། དེང་སྐབས་ལས་དོན་པས་ཁ་བྱང་འདེམས་ནས་ཇུས་འགོད་བྱེད་པ་དང་། དཔེ་ཆའི་ཡོང་ཁུངས་སྒྲིག་འཛུགས་བྱེད་པ་ལ་སོགས་པའི་ལས་ཀ་བསྒྲུབ་མུས་སུ་མཆིས། སྐོར་ཐོག་མའི་དཔེ་ཁང་ཟླ6པའི་སྔོན་དུ་བསྐྲུན་ཚར་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com