རྒྱ་གྲམ་དམར་རྟགས་ཐེབས་རྩ་ལྷན་ཚོགས་ཀྱིས་འབྲུག་ཆུར་སྒོར་ཁྲི1900བཏང་ནས་སློབ་གྲྭ་བསྐྲུན་རོགས་བྱས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། དུས་ཚོད།:2011-03-01 10:52:00 ཀློག་གྲངས།:
           ཚེས22ཉིན་ཀན་སུའུ་ཞིང་ཆེན་རྒྱ་གྲམ་དམར་རྟགས་ལྷན་ཚོགས་ཀྱི་རྩ་འཛུགས་དང་དྲིལ་བསྒྲགས་ཁྲུའི་ཁྲུའུ་ཀྲང་ཡའོ་ཡུས་ཏུང་གིས་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཐེབས་རྩ་ལྷན་ཚོགས་དང་ཀན་སུའུ་ཞིང་ཆེན་རྒྱ་གྲམ་དམར་རྟགས་ཚོགས་པས་ཉིན་ཤས་གོང་འབྲུག་ཆུར་གེགས་བར་རྗེས་ཀྱི་བསྐྱར་སྐྲུན་རྣམ་གྲངས་རོགས་སྐྲུན་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། ཀྲུང་གོ་རྒྱ་གྲམ་དམར་རྟགས་ལྷན་ཚོགས་ཀྱིས་རོགས་སྐྱོར་མ་དངུལ་སྒོར་ཁྲི1900གཏོང་རྒྱུ་གཏན་འབེབས་བྱས་པ་དེ་འབྲུག་ཆུ་རྫོང་ཕུང་ཏིའེ་ཤང་ཁུལ་གསར་སློབ་ཆུང་གི་སླར་གསོ་བསྐྱར་སྐྲུན་ཐད་སྤྱོད་རྒྱུ་ཡིན་པ་རེད།
            2010ལོའི་ཟླ8ཚེས8ཉིན་འབྲུག་ཆུ་རྫོང་དུ་འདམ་རྡོའི་ཆུ་རུད་ཀྱི་ས་གཤིས་ཀྱི་གནོད་འཚེ་ཚབས་ཆེན་ཐོན་རྗེས་ཀན་སུའུ་ཞིང་ཆེན་རྒྱ་གྲམ་དམར་རྟགས་ཚོགས་པས་འཕྲལ་དུ་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པའི་སྤྱི་ཁྱབ་ཚོགས་པ་དང་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཐེབས་རྩ་ལྷན་ཚོགས་དང་དེ་བཞིན་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་རྒྱ་གྲམ་དམར་རྟགས་ཚོགས་པར་གནོད་འཚེའི་གནས་ཚུལ་བརྡ་ཁྱབ་བཏང་བས་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཐེབས་རྩ་ལྷན་ཚོགས་ཀྱིས་དེའི་ཐད་ཚད་མཐོའི་མཐོང་ཆེན་བྱས་ཏེ་དེ་མ་ཉིད་དུ་ཀན་སུའུ་ཞིང་ཆེན་རྒྱ་གྲམ་དམར་རྟགས་ཚོགས་པར་གེགས་སེལ་མ་དངུལ་སྒོར་ཁྲི50སྤྲད་པའི་རྨང་གཞིའི་ཐོག་ད་དུང་གེགས་ཁུལ་ལ་སྒོར་ཁྲི11.2རི་བའི་སྟབས་བདེ་ཉལ་ཁྲི896ཉོས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བའི་བཀོད་སྒྲིག་བྱ་རྒྱུར་སྤྱད་ནས“མི་ཆོས་དང་། བྱམས་སེམས། ལེགས་སྐྱེས་འབུལ་བ”བཅས་ཀྱི་རྒྱ་གྲམ་དམར་རྟགས་ཀྱི་སྙིང་སྟོབས་དང“ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཚང་མས་རོགས་སྐྱོར་བྱེད་པའི”སྲོལ་རྒྱུན་གྱི་སྤྱོད་ཚུལ་བཟང་པོ་མངོན་པ་བྱས་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།