བདེ་ཆེན་ཁུལ་གྱི་སྒྱུ་རྩལ་གསར་རྩོམ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད་པ།

རྩོམ་པ་པོ།:ཚེ་རིང་རྒྱ་མཚོ། ཡོང་ཁུངས།:སེམས་ཀྱི་ཉི་ཟླའི་དྲ་བ། དུས་ཚོད།:2011-02-23 10:35:00 ཀློག་གྲངས།:

           “ལོ་ལྔའི་འཆར་གཞི་བཅུ་གཅིག”སྐབས་སུ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ནུས་ཤུགས་ཡོད་ཚད་བཏོན་ནས་རིག་རྩལ་གསར་རྩོམ་བྱས་ཤིང་།  དེའི་ཕྱོགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ།  ཕུལ་དུ་བྱུང་བའི་སྒྱུ་རྩལ་སྐོར་ཞིག་གསར་སྐྲུན་བྱས་ཏེ་སེམས་ཀྱི་ཉི་ཟླའི་མིང་རྟགས་འདི་ཀུན་ལ་མཚམས་སྦྱོར་བྱེད་པར་སྐུལ་འདེད་བྱས།  རིག་རྩལ་བརྩམས་ཆོས་སྐོར་ཞིག་དང་རིག་རྩལ་འཁྲབ་སྟོན་པ་དག་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ། 
             “ལོ་ལྔའི་འཆར་གཞི་བཅུ་གཅིག”སྐབས་སུ་བདེ་ཆེན་ཁུལ་གྱི་རིག་རྩལ་གསར་རྩོམ་ས་གནས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པ།  དུས་རབས་འདིའི་སྙིང་སྟོབས་དང་ཟུང་འབྲེལ་བྱེད་པའི་ལམ་ཕྱོགས་སུ་འགྲོ་བར་རྒྱུན་འཁྱོངས་བྱས་ཏེ། ཁུལ་ཡོངས་ཀྱིས་གླུ་གར་ལེ་ཚན54གསར་རྩོམ་བྱས་པས་བསམ་བློ་རང་བཞིན་དང་སྒྱུ་རྩལ་གྱི་རང་བཞིན་ལྡན་པའི་རིག་རྩལ་བརྩམས་ཆོས་སྐོར་ཞིག་འཚར་ལོངས་བྱུང་།  ཡུན་ནན་ཞིང་ཆེན་གྱི་ལེ་ཚན་གསར་བའི་འཁྲབ་སྟོན་ཁྲོད་གཞི་རྒྱ་ཆེ་བའི་གདོད་མའི་རྣམ་པའི་མི་རིགས་ཞབས་བྲོ་སྙན་ངག《སེམས་ཀྱི་ཉི་ཟླ》ཞེས་པར་ལེ་ཚན་ཕུལ་བྱུང་ཅན་དང་བྱ་དགའ8བླངས་བ་རེད། 
            བདེ་ཆེན་ཁུལ་མི་རིགས་གླུ་གར་ཚོགས་པའི“སེམས་ཀྱི་ཉི་ཟླ”གླུ་དབྱངས་ཚན་སྡེབ་ཀྱིས་སྐབས12དང་སྐབས13པའི་ན་གཞོན་གླུ་བའི་བརྙན་འཕྲིན་གླུ་དབྱངས་འགྲན་བསྡུར་ཁྲོད་དངུལ་གྱི་རྟགས་མ་བླངས།  2006ལོར་བདེ་ཆེན་ཁུལ་གྱིས་འདོན་སྤྲོད་བྱས་པའི་ལེ་ཚན《ཤམ་བྷ་ལ》ཞེས་པར་ཡུན་ནན་ཞིང་ཆེན་གྱི་ལེ་ཚན་གསར་བའི་འཁྲབ་སྟོན་ཁྲོད་གསེར་གྱི་བྱ་དགའ་ཐོབ།  2008ལོར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་མི་རིགས་སྒྱུ་རྩལ་ཚོགས་པ་བཙུགས་པ་དང་ཧུར་ཐག་སྒོས“སེམས་ཀྱི་ཉི་ཟླ”གླུ་དབྱངས་ཚན་སྡེབ་དང་“གངས་རིའི་བུ”གླུ་དབྱངས་ཚན་སྡེབ།  “འགྲོ་བ་བཟང་མོ”གླུ་དབྱངས་ཚན་སྡེབ།   “ཁ་བ་དཀར་པོ”གླུ་དབྱངས་ཚན་སྡེབ་སོགས་གསར་སྐྲུན་བྱས་ཤིང་རིག་རྩལ་འདི་དག་བདེ་ཆེན་ཁུལ་གྱི་ཁྱད་ལྡན་མིང་རྟགས་ཤིག་ཏུ་གྱུར་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།