མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ649མཚོ་སྔོན་ལྷོ་ཁུལ་དུ་ལས་ཚབ་རོགས་ཁྲིད་བྱེད་རྒྱུ་རེད།

རྩོམ་པ་པོ།: རྡོ་རྗེ་བསམ་འགྲུབ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2011-02-22 11:45:00 ཀློག་གྲངས།:
            གསར་འགོད་པས་ཚེས21ཉིན་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་དགེ་འོས་ཁྲུའུ་ནས་རྒྱུས་ལོན་པ་ལྟར་ན། 2010ལོའི་དཔྱིད་དུས་ཀྱི་དགེ་འོས་སློབ་མ512ཀྱིས་བདེ་བླག་ངང་ལས་ཚབ་རོགས་ཁྲིད་ཀྱི་དངོས་སྦྱོང་བྱ་བའི་ལས་འགན་ལེགས་འགྲུབ་བྱས་རྗེས། ད་ལོའི་དཔྱིད་དུས་སུ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་འོས་སློབ་མ649མཚོ་སྔོན་གྱི་ནང་ཆེན་རྫོང་དང་ཆུ་དམར་ལེབ་རྫོང་། རྫ་སྟོད་རྫོང་། འབྲི་སྟོད་རྫོང་། པད་མ་རྫོང་། དར་ལག་རྫོང་། དགའ་བདེ་རྫོང་། ཐུན་ཏེ་རྫོང་། རྩེ་ཁོག་རྫོང་སོགས་མཚོ་སྔོན་ལྷོ་ཁུལ་གྱི་རྫོང9རུ་ཕྱིན་ནས་དུས་ཡུན་ཟླ5རིང་གི་ལས་ཚབ་རོགས་ཁྲིད་དངོས་སྦྱོང་བྱ་བར་ཞུགས་རྒྱུ་རེད།
            མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོས་ལས་ཚབ་རོགས་ཁྲིད་སློབ་མར་འབྲེལ་ཡོད་ཀྱི་ཟབ་སྦྱོང་དང་སྦྱོང་བརྡར་བྱས་པ་དང་། དུས་མཚུངས་སུ《མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་འོས་སློབ་མའི་ལས་ཚབ་རོགས་ཁྲིད་དངོས་སྦྱོང་བྱ་བའི་མཛུབ་སྟོན་ལག་དེབ》སོགས་དངོས་སྦྱོང་ལག་དེབ་ རྩོམ་སྒྲིག་དང་པར་སྐྲུན་བྱས་ཏེ། དགུན་གནང་གི་སྔོན་ལ་དངོས་སྦྱོང་སློབ་མའི་ལག་ཏུ་བྱིན། 2010ལོའི་དངོས་སྦྱོང་བྱ་བའི་ཁྲོད་ཀྱི་གནད་དོན་ལ་དམིགས་ནས་སློབ་གླིང་སོ་ སོའི་སྡེ་ཁག་རེ་རེས་སྔར་ལས་ལྷག་པའི་སྒོ་ནས་སློབ་ཁྲིད་འཆར་གཞི་ལེགས་སྒྲིག་ལ་ཤུགས་བསྣན་ཞིང་། རྣམ་པ་ཕུན་སུམ་ཚོགས་པའི་འདེམས་སྦྱོང་སློབ་ཁྲིད་སྤེལ་བ་བརྒྱུད། རེབ་སྔོན་མའི་དངོས་སྦྱོང་སློབ་མ་དང་ཐེངས་འདིའི་དངོས་སྦྱོང་སློབ་མ་རེ་ཁ་གཏད་ཟུར་ཁྲིད་བྱས་ཏེ་ལས་ཚབ་དངོས་སྦྱོང་སློབ་མས་སྔར་ལས་ལེགས་པའི་སྒོ་ནས་སློབ་ཁྲིད་བྱེད་པར་སྦྱོང་བརྡར་བྱས།
            ཟླ3པའི་ཟླ་འགོར། དགེ་འོས་སློབ་མ649མཚོ་སྔོན་ལྷོ་ཁུལ་གྱི་འབྲོག་ཁུལ་དུ་ལས་ཚབ་རོགས་ཁྲིད་ཀྱི་དངོས་སྦྱོང་ལ་འགྲོ་རྒྱུ་རེད། སློབ་མ་མང་པོ་ཞིག་གིས་ལས་ཚབ་རོགས་ཁྲིད་དངོས་སྦྱོང་ནི་སྙིང་སྟོབས་སྦྱོང་ བརྡར་དང་བསམ་བློ་ཇེ་བཟང་། ཆེད་ལས་ནུས་པ་ཇེ་མཐོར་གཏོང་བའི་གོ་སྐབས་བཟང་པོ་ཞིག་ཡིན་ལ། རོགས་ཁྲིད་ལས་འགན་ལེགས་འགྲུབ་བྱེད་པར་ཡིད་ཆེས་ཆེན་པོ་ཡོད་ཟེར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།