མཚོ་སྔོན་བརྙན་འཕྲིན་ལས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སྲོལ་རྒྱུན་འཆད་ཁྲིད་གཏོང་རྒྱུ་ཡིན་པ།
བོད་སྐད་ཡིག་རྩོམ་རིག་སློབ་གསོའི་འཆད་ཁྲིད་མུ་མཐུད་དུ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་དང་། སྤུས་ལེགས་ཁྱད་ཐོན་འཆད་ཁྲིད་འབུར་དུ་བཏོད་པར་བརྩོན་ལེན་བྱེད་པ། བོད་སྐད་ཡིག་རྩོམ་རིག་འཆད་ཁྲིད་དང་། ཚན་རིག་ཞིབ་འཇུག་གི་དངོས་ཤུགས་དང་ཆེད་ལས་འཛུགས་སྐྲུན། ཁྱད་འཕགས་སློབ་གཞི་འཛུགས་སྐྲུན་བཅས་ཀྱི་འབྲས་བུ་མངོན་པར་བྱེད་ཆེད། ཉེ་ལམ། ལྷོ་ནུབ་མི་རིགས་སློབ་ཆེན་དང་མཚོ་སྔོན་བོད་སྐད་བརྙན་འཕྲིན་གཉིས་མཉམ་འབྲེལ་སྒོས“འཆད་ཁྲིད་མུན་སེལ་སྒྲོན་མེ”ཞེས་པའི་ལེ་ཚན་དུ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ10འདེམས་ཏེ་བོད་རིག་པའི་ཞིབ་འཇུག་གི་སྲོལ་རྒྱུན་ཁྱད་ཐོན་སློབ་ཚན་འཆད་ཁྲིད་གནང་བ་དང་ཆེད་མཁས་པར་བཅར་འདྲི་བྱས་ཡོད་པ་རེད།
སྔ་གཞུག་ཏུ་མཚོ་སྔོན་བརྙན་འཕྲིན་ཁང་དང་མཉམ་འབྲེལ་སྒོས《ཚད་མ་རིག་པ》དང་། 《བོད་སྐད་ཡུལ་སྐད་མདོར་བསྟན》། 《མིའི་རིགས་རིག་པ》། 《བོད་ཀྱི་ལོ་རབས་ཁྲིམས་སྲོལ》། 《བོད་ཀྱི་ལོ་རྒྱུས》།《བོད་ཀྱི་སྲོལ་རྒྱུན་རིག་གནས་མདོར་བསྟན་པ》། 《བོད་ཀྱི་རྩོམ་རིག་གཞུང་ལུགས》།《བོད་ཀྱི་བརྡ་སྤྲོད》སོགས་འཆད་ཁྲིད10ལྷག་དང་བོད་རིག་པའི་ཆེད་མཁས་བཅར་འདྲི6ལྷག་བརྙན་ཕབ་བྱས་ཡོད་ཅིང་། ད་ལོའི་ཟླ5བར་དངོས་སུ་གཏོང་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com