མང་རྫོང་ཐར་ཤུལ་ཡུལ་ཚོ་རྫ་རྒན་སྡེ་བས་གཡག་སྙིང་བླ་རིའི་བཞད་སྒྲ་ཞེས་པའི་ལོ་སར་སྤྲོ་ཚོགས་བསྡུས་པ།
སྡེ་བའི་སློབ་ཆེན་པ་རྣམས་ལ་སྡེ་མི་ཡོངས་ཀྱི་རྒྱབ་སྐྱོར་ཐོབ་པ།
མཐོ་རིམ་སློབ་གསོ་ལ་རྒྱབ་སྐྱོར་གནང་མཁན་གྱི་ཚབ་བྱེད་སྡེ་མི་རྣམས།
མཚོ་ལྷོ་ཁུལ་མང་རྫོང་ཐར་ཤུལ་ཡུལ་ཚོའི་རྫ་རྒན་སྡེ་བ་རུ་ལོ་སར་སྤྲོ་ཚོགས་བསྡུས་ཤིང་། ཐར་ཤུལ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་། དེ་མིན་སྡེ་བའི་འགོ་ཁྲིད་དང་མང་ཚོགས་ཡོངས་ཀྱིས་དུས་ཆེན་གྱི་རྒྱན་གོས་སྤྲས་ལ། བཀྲ་ཤིས་དུས་བཟང་གི་ལྷན་འཛོམས་ཉིན་མོ་འདི་ལ་བག་བྲོ་བའི་དཔྱིད་གསར་དུས་ཆེན་གྱི་དཔལ་ལ་རོལ་བ་རེད།
བུ་མོ་རྣམས་ཀྱི་ཡིད་འོང་གི་སྟངས་སྟབས།
གླུ་གཞས་ངག་ཏུ་གྱེར་བའི་རྣམ་པ།
ཐར་ཤུལ་ཡུལ་ཚོ་རྫ་རྒན་སྡེ་བ་ནི་ཕྱུགས་ལས་གཙོ་བོར་གཉེར་བའི་བོད་རིགས་འདུས་སྡོད་ས་ཁུལ་ཞིག་ཡིན་ཞིང་། དུད་ཁྱིམ266ལྷག་དང་། སྤྱིའི་མི་གྲངས1780ཙམ་ཡོད། ཉེ་བའི་ལོ་འགའི་ནང་རྫ་རྒན་སྡེ་བས་ཕྱུགས་ལས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལས་གཞིའི་གོ་སྐབས་བེད་སྤྱད་དེ། ཕྱུགས་ལས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། སྲོལ་རྒྱུན་གྱི་ལས་གཉེར་བྱ་ཐབས་ལ་འགྱུར་བ་བཏང་ནས་ཕྱུག་འགྱུར་ལམ་ལ་བསྐྱོད་པར་འབད་བརྩོན་གང་ལེགས་བྱེད་ཀྱི་ཡོད་པ་རེད།
སྤྲོ་ཚོགས་ཀྱི་ཡུལ་དངོས།
འཁྲབ་སྟོན་མི་སྣ་དག་ལྷན་དུ་པར་བསྐྱོན་པ།
ལྕགས་མོ་ཡོས་ཀྱི་ལོ་གསར་བའི་ནང་རྫ་རྒན་སྡེ་བས“མི་རིགས་མཐུན་སྒྲིལ་དང་ཉམ་ཆུང་ལ་རོགས་སྐྱོར”ཞེས་པའི་བྱ་འགུལ་ཞིག་སྤེལ་ཞིང་། སྡེ་བའི་འགོ་ཁྲིད་ཀྱིས་སྡེ་མི་རྣམས་ལ་སྒོར13000ལྷག་བསྡུ་ལེན་བྱས་ཏེ་སློབ་ཆེན་པ13དང་དྭ་ཕྲུག3ལ་རྒྱབ་སྐྱོར་བྱས་པ་རེད། འདིས་བསམ་པའི་དཔལ་ཡོན་གྱི་ནུས་པ་གང་ལེགས་འདོན་སྤེལ་སྒོས་མང་ཚོགས་ལ་ཞིང་ཕྱུག་ལས་རྒྱུན་སྤྱོད་ཤེས་བྱ་དང་སློབ་གསོའི་འདུ་ཤེས་ཟབ་མོ་མྱོང་བར་ཤུགས་སྣོན་བྱེད་པ་དང་ཆབས་ཅིག་རེ་བཞག་ཀྱང་མི་དམན་པ་བཅོལ་གྱི་ཡོད་པ་རེད།
ལོ་སར་དུས་ཆེན་སྐབས་སུ། སྡེ་དམངས་ཨུ་ཡོན་གྱི་རྩ་འཛུགས་འོག རྫ་རྒན་སྡེ་མི་དང་སློབ་ཆེན་པ་རྣམས་ཀྱིས་གླུ་གར་དང་། བཞད་གར། སྙན་ངག་གྱེར་འདོན་སོགས་ལྟད་མོ60ལྷག་གཟིགས་མོ་བ་ལྷན་རྒྱས་ཀྱི་མིག་གི་དགའ་སྟོན་དུ་ཕུལ་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com