ཉི་མ་ཚེ་རིང་དང་ཁོང་གི་དྭ་ཕྲུག་བཅོ་ལྔ།
ཉི་མ་ཚེ་རིང་དང་ཁོང་གི་དྭ་ཕྲུག་རྣམས།
བོད་ལྗོངས་ཀྱི་སོ་ནམ་ལོ་གསར་གཏོང་རིང་གཞིས་རྩེ་གྲོང་ཁྱེར་བདེ་ལེགས་སྡེ་ཁུལ་གྲོང་མི་ཨུ་ལྷན་དུ་གནས་པའི་ཁྲོམ་གཞུང་དུ་གསར་འགོད་པས་དམིགས་བསལ་གྱི་ཁྱིམ་ཚང་ཞིག་ལ་བཅར་འདྲི་བྱས་པ་ཡིན།
དམིགས་བསལ་གྱི་ཁྱིམ་ཚང་དེའི་ཁྱིམ་བདག་གི་མིང་ལ་ཉི་མ་ཚེ་རིང་ཟེར་གྱི་ཡོད་པ་དང་ཁོང་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ནོར་འཕེལ་ཀུང་སིའི་སྤྱི་གཉེར་བ་ཡིན་ཞིང་། གཞིས་རྩེ་གྲོང་ཁྱེར་གྲོང་ལྷོ་དོན་གཅོད་ཁང་དུ་སྐྱེས་པའི་ཉི་མ་ཚེ་རིང་མཐོ་རིམ་སློབ་འབྲིང་དུ་སླེབས་སྐབས་སློབ་མཚམས་བཞག་ནས་ཚོང་གཉེར་གྱི་ལམ་ལ་སྐྱོད་འགོ་ཚུགས་ཡོད། དེ་སྔོན་ཁོང་གིས་རླངས་འཁོར་འཁྲུད་མྱོང་ཡོད་ལ་ཇ་ཁང་ཡང་གཉེར་མྱོང་ཡོད་པ་དང་ལོ་མང་རིང་ཚོང་བརྒྱབ་ནས་དངུལ་མང་པོ་བསགས་ཡོད། ཕྱུག་པོ་ཆགས་རྗེས་ཉི་མ་ཚེ་རིང་གིས་ཉེ་འཁོར་དུ་མང་ཚོགས་མི་ཉུང་བ་ཞིག་ཡོད་པ་མཐོང་སྐབས་རང་ཉིད་ཀྱིས་སྤྱི་ཚོགས་ལ་འགན་འཁྲི་ཞིག་འཁུར་དགོས་པ་བློ་ལ་འཆར་ཡོད། སེམས་པ་བཟང་བའི་ཉི་མ་ཚེ་རིང་གིས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་བ་བྱས་ཏེ་དྭ་ཕྲུག་གསོས་ནས་ཁོང་ཚོར་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་སྐྲུན་པ་དང་ཟླ་རེར་འགྲོ་སོང་སྒོར5000ལས་བརྒལ་གྱི་ཡོད། མིག་སྔར་ཉི་མ་ཚེ་རིང་གིས་གསོས་པའི་དྭ་ཕྲུག་དེ་དག་ཁྲོད་ལ་ལ་སློབ་གྲྭ་ཆེ་མོ་འགྲིམ་བཞིན་ཡོད་པ་དང་ལ་ལ་མཐོ་རིམ་སློབ་འབྲིང་འགྲིམ་བཞིན་ཡོད། སློབ་ཆུང་དུ་འགྲོ་བཞིན་ཡོད་པའི་དྭ་ཕྲུག་རྣམས་ཉི་མ་ཚེ་རིང་དང་མཉམ་དུ་འཚོ་བ་སྐྱེལ་གྱི་ཡོད།
ལོ17ལ་སླེབས་པའི་དྭ་ཕྲུག་སྤེན་པ་ཚེ་རིང་ལྷན་སྐྱེས་རང་བཞིན་དབང་པོ་སྐྱོན་ཅན་ཡིན་པ་དང་ཁོང་གིས་ང་ལོ3ལ་སླེབས་སྐབས་པ་ཕ་ནད་གཞིས་རྐྱེན་པས་གྲོངས་སོང་། གཞེས་ནིང་ཨ་མར་ཕོ་སྐྲན་ཕོག་ནས་གྲོངས་པ་དང་ང་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་སྐབས“པ་ཕ”ཉི་མ་ཚེ་རིང་གིས་གཞིས་རྩེར་ཡོད་པའི་ཁྱིམ་ཚང་གསར་པར་འཁྲིད་བྱུང་ཅེས་གསར་འགོད་པར་བཤད།
གསར་འགོད་པའི་བཅར་འདྲི་མཇུག་འགྲིལ་ཉེར་ཡོད་པའི་སྐབས་དམིགས་བསལ་ཁྱིམ་ཚང་དེའི་ནང་གི་ཕྲུ་གུ་ཚོས་གསར་འགོད་པར་རང་རྩོམ་རང་འཁྲབ་བྱས་པའི་ཞབས་བྲོ་བརྒྱབ་ནས་འབྱུང་འགྱུར་ལ་རེ་བ་བྱེད་པ་མཚོན་པ་མ་ཟད། པ་ཕ་ཉི་མ་ཚེ་རིང་ལ་ཐུགས་རྗེ་ ཆེ་ཞུ་ལུགས་མཚོན་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com