མཚོ་སྔོན་མི་རིགས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས་ཀྱིས་བོད་ཡིག་བསླབ་གཞི1700ལྷག་ཙམ་རྩོམ་སྒྱུར་བྱས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། དུས་ཚོད།:2011-02-13 09:40:00 ཀློག་གྲངས།:
            ཉེ་བའི་ལོ30རིང་རང་རྒྱལ་གྱི་བོད་ལྗོངས་དང་།   མཚོ་སྔོན།    ཀན་སུའུ།     སི་ཁྲོན།     ཡུན་ནན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་བོད་རིགས་སློབ་མ་ཁྲི70ལྷག་ཙམ་ལ་མཚོ་སྔོན་མི་རིགས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས་ཀྱིས་རྩོམ་སྒྱུར་བྱས་པའི་བོད་ཡིག་གི་བསླབ་གཞི་སྣ་ཁ1700ལྷག་ཙམ་ལས་ཕན་པ་ཐོབ་ཡོད་པ་རེད། 
            1970ལོར་བཙུགས་པའི་མཚོ་སྔོན་མི་རིགས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས་ནི་བོད་ཡིག་བསླབ་གཞིའི་རྩོམ་སྒྱུར་སྒྲིག་གཞི་ཞིག་རེད།   དུས་རབས་གོང་མའི་ལོ་རབས80པའི་དུས་འགོ་ནས་བཟུང་དེས་བོད་ལྗོངས་དང་མཚོ་སྔོན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་མི་རིགས་སློབ་གྲྭ་འབྲིང་ཆུང་གི་ཚན་ཁག་ཁག་གི་བོད་ཡིག་རོགས་རེས་བསླབ་གཞི་རྩོམ་སྒྱུར་བྱ་རྒྱུའི་ལས་འགན་འཁུར་གྱི་ཡོད་པ་རེད། 
            མཚོ་སྔོན་མི་རིགས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས་ཀྱི་ཀྲུའུ་རེན་ལེའང་ཐའོ་ཡིས་འདི་སྐད། "མིག་སྔར་ང་ཚོ་སོ་སོས་སློབ་ཆུང་ནས་མཐོ་རིམ་སློབ་འབྲིང་བར་གྱི《བོད་ཀྱི་སྐད་ཡིག》དང《རྒྱ་ཡིག》བརྩམས་པ་ཕུད་རིག་ཚན་གཞན་ནི་རྒྱལ་ཁབ་ཀྱིས་གཅིག་གྱུར་བརྩམས་པའི་བསླབ་གཞི་དཔེ་གཞིར་བཟུང་ནས་བསྒྱུར་བ་མ་ཟད‘ཆ་ལག་ཚང་བའི་འཛུགས་སྐྱོང་དང་གོམ་སྟབས་གཅིག་མཚུངས་ངང་དེབ་མཁོ་འདོན་བྱ་རྒྱུའི'སྤྱིའི་བླང་བྱ་ཡང་མངོན་འགྱུར་བྱུང་ཡོད། "
            རགས་རྩིས་བྱས་པར་གཞིགས་ན། ཉེ་བའི་ལོ30རིང་མཚོ་སྔོན་མི་རིགས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས་ཀྱིས་ཡིག་འབྲུ་དུང་ཕྱུར1.8ལྷག་ཙམ་ལོན་པའི་བོད་ཡིག་བསླབ་གཞི་སྣ་ཁ1700ལྷག་ཙམ་རྩོམ་སྒྱུར་བྱས་པ་དེ་འགྲེམས་སྤེལ་བྱེད་ཚད་ཁྲི2500ཟིན་ཡོད། བསླབ་གཞི་བེད་སྤྱོད་གཏོང་བའི་ཁྱབ་ཁོངས་དེ་བོད་དང་མཚོ་སྔོན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་བོད་རིགས་སློབ་གྲྭ་འབྲིང་ཆུང6300ལྷག་ཙམ་ལ་ཁྱབ་ནས་བོད་རིགས་སློབ་མ་ཁྲི70ལྷག་ཙམ་ལ་ཕན་པ་ཐོབ་པ་རེད།  


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།