ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > ད་ལོ་བོད་ལྗོངས་ཀྱི་སྤྱིར་བཏང་སློབ་གྲྭ་ཆེ་མོར་སློབ་མ་བསྡུ་བའི་ཡིག་རྒྱུགས་ཐོ་འགོད་ཐད་དོ་སྣང་བྱ་དགོས་པ།
ད་ལོ་བོད་ལྗོངས་ཀྱི་སྤྱིར་བཏང་སློབ་གྲྭ་ཆེ་མོར་སློབ་མ་བསྡུ་བའི་ཡིག་རྒྱུགས་ཐོ་འགོད་ཐད་དོ་སྣང་བྱ་དགོས་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན་དྲ་བ།
དུས་ཚོད།:2011-02-13 09:35:00
ཀློག་གྲངས།:
གསར་འགོད་པས་ཉེ་དུས་བོད་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་བོད་ལྗོངས་ཀྱི་སྤྱིར་བཏང་སློབ་གྲྭ་ཆེ་མོའི་སློབ་མ་བསྡུ་སྐབས་ཚང་མ་དྲ་ཐོག་ཏུ་འཆར་འཕྲིན་འབྲི་བ་དང་ས་ཆ་དངོས་སུ་ངོས་འཛིན་པའི་ཐོག་ནས་མིང་ཐོ་འགོད་རྒྱུ་རེད། སྤྱི་ཟླ3པའི་ཚེས 15ནས་ཚེས21ཉིན་བར་དྲ་ཐོག་ཏུ་མིང་ཐོ་འགོད་རྒྱུ་དང་ས་ཆ་དངོས་སུ་ངོས་འཛིན་པའི་དུས་ཚོད་ནི་སྤྱི་ཟླ3པའི་ཚེས22ནས་ཚེས31ཉིན་བར་ཡིན་པ་དང་། ས་ཆ་གཞན་གྱི་སློབ་མའི་ཡིག་རྒྱུག་འགྲོ་ལུགས་ཐད་རང་སྐྱོང་ལྗོངས་སློབ་བསྡུ་ཚན་པས་ཞིབ་བཤེར་ཆོག་མཆན་སྤྲོད་རྒྱུ་དང་ས་ཆ་གཞན་གྱི་སློབ་མའི་མིང་ཐོ་སྤྱི་ཟླ4པའི་ཟླ་མཇུག་གོང་བོད་ལྗོངས་སློབ་གསོ་ཡིག་རྒྱུག་ཁང་གི་དྲ་ཚིགས་ཐོག་ཁྱབ་བསྒྲགས་བྱེད་རྒྱུ་རེད།
གཏན་འབེབ་ལ་གཞིགས་ན་རང་སྐྱོང་ལྗོངས་སློབ་བསྡུ་ཚན་པས་སྤྱི་ཟླ5ཚེས10ཡི་གོང་ཡིག་རྒྱུག་གཏོང་ས་བཀོད་སྒྲིག་བྱས་ཟིན་རྗེས་ཀྱི་ཆ་འཕྲིན། ས་ཁུལ་ཁག་དང་གྲོང་ཁྱེར་གྱི་སློབ་བསྡུ་གཞུང་ལས་ཁང་ལ་སྐྱེལ་རྒྱུ་ཡིན་པ་དང༌། སློབ་མས་ཡིག་ཚད་གཏོང་ཆོག་པའི་ལག་ཁྱེར་ལེན་སྐབས་ཁ་གདན་ཚིག་གནས་ཀྱི་ཡིག་རྒྱུག་ཁས་ལེན་ཡི་གེར་མིང་རྟགས་འགོད་དགོས་ཀྱི་ཡོད་པ་རེད། ས་ཆ་གཞན་གྱི་ཡིག་རྒྱུག་གཏོང་མཁན་སློབ་མས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་ཐེམ་ཐོ་འཁྱེར་ནས་ཡིག་རྒྱུག་གཏོང་ཁུལ་ནས་ཡིག་རྒྱུག་གཏོང་ཆོག་པའི་ལག་ཁྱེར་ལེན་དགོས་ཀྱི་ཡོད་པ་རེད། ཡིག་རྒྱུག་གཏོང་མཁན་སློབ་མས་བོད་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུག་ཁང་གི་དྲ་ཚིགས་ནང་འཛུལ་ནས་ཞིབ་བཤེར་རིའུ་མིག་ཕབ་དགོས་ན་རང་གི་ཐེམ་ཐོ་དང་ཡུལ་མིའི་ཐོབ་ཐང་ལག་ཁྱེར་འཁྱེར་ནས་ཐེམ་ཐོ་ཡོད་སའི་སྤྱི་བདེ་ཚན་པ་དང་སློབ་བསྡུ་གཞུང་ལས་ཁང་དུ་ཐེམ་ཐོ་ཞིབ་བཤེར་བྱེད་པ་དང་ཐེལ་ཙེ་རྒྱག་དགོས་ཀྱི་ཡོད། ཡིག་རྒྱུག་གཏོང་མཁན་སློབ་མ་ཚང་མས་ངེས་པར་དུ་ཐེམ་ཐོ་ཞིབ་བཤེར་རིའུ་མིག་འཁྱེར་ནས་མིང་ཐོ་འགོད་པའི་ཨང་གྲངས་དང་གསང་བའི་ཨང་གྲངས་ལེན་དགོས་ཀྱི་ཡོད།
ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་བོད་ལྗོངས་ཀྱིས་ལྷ་ས་དང་གཞིས་རྩེ། ལྷོ་ཁ། ཉིང་ཁྲི། ཆབ་མདོ། ནག་ཆུ། མངའ་རིས། བོད་ལྗོངས་མི་རིགས་སློབ་གླིང་། གོར་མོ། ཁྲེན་ཏུའུ་བཅས་ལ་ཡིག་རྒྱུག་གཏོང་ས་འཛུགས་རྒྱུ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།