དཔའ་རིས་རྫོང་གིས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་གདན་དྲངས་ཏེ་འཆད་ཁྲིད་གནང་བ།
གསེར་བཟང་འཚོས་འཆད་ཁྲིད་གནང་བཞིན་པ།
2011ལོའི་ཟླ1ཚེས23ཉིན། དཔའ་རིས་བོད་རང་སྐྱོང་རྫོང་གི་བོད་སྐད་ཡིག་ལས་ཤག་གིས་གདན་དྲངས་པ་ལྟར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་གསེར་བཟང་འཚོས1679-1705ལོའི་བར་གྱི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་ལ་དཔྱད་པ་ཞེས་པའི་བཞུགས་མོལ་འཆད་ཁྲིད་གནང་།
འཆད་ཁྲིད་ལ་ཉན་བཞིན་པ།
གསེར་བཟང་འཚོ། 2002ལོར་དཔའ་རིས་མི་རིགས་སློབ་འབྲིང་ནས་མཐར་ཕྱིན་ཏེ་ཕུལ་བྱུང་གི་སྦྱངས་འབྲས་ལས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད། 2006ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོས་ལོ་རྒྱུས་སྡེ་ཁག་ཏུ་བསྐྱལ། ད་ལྟ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའིབོད་སྐད་ཡིག་རིག་གནས་སློབ་གླིང་གི་པོའོ་ཧྲུའུ་ཞིབ་འཇུག་སློབ་མ་ཡིན།
སློབ་མ་ཚོས་ནན་གྱིས་ཐེངས་འདིའི་འཆད་ཁྲིད་ལ་ཉན་བཞིན་པ།
ངས་འདིའི་བཞུགས་མོལ་འཆད་ཁྲིད་ལ་རང་རྫོང་གི་སློབ་གསོ་ཅུའུ་དང་བོད་སྐད་ཡིག་ལས་ཤག བསྙན་འཕྲིན་ཁང་གི་འགོ་ཁྲིད་དང་རྫོང་ཁུལ་གྱི་བོད་ཡིག་དགེ་རྒན། མི་རིགས་སློབ་འབྲིང་གི་མཐོ་གསུམ་འཛིན་གྲྭའི་སློབ་མ་རྣམས་ཞུགས་ཡོད་ལ། ཚང་མས་ནན་གྱིས་ཁོ་མོའི་འཆད་ཁྲིད་ལ་ཉན་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com