ལོ་ཙཱ་བ་འཕྲིན་ལས་ཆོས་གྲགས་ལགས་ཀྱིས་བརྩམས་པའི་བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་པར་འགྲེམ་བྱས་པ།
བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད།
ཉེ་ལམ། བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་འཕྲིན་ལས་ཆོས་གྲགས་ལགས་ཀྱིས་བརྩམས་པའི་བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས་ཞེས་བྱ་བ་དེ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས་པ་རེད།
ལོ་ཙཱའི་རིགས་ལམ་རྣམ་བཤད་འདི་ནི་ཁོང་གིས་བོད་ལྗོངས་སློབ་ཆེན་གྱི་ལོ་ཙཱ་ཆེད་གཉེར་ཤེས་རམས་ཞིབ་འཇུག་སློབ་མ་ཚོར་བཤད་ཁྲིད་བྱས་པའི་ཟིན་ཐོ་ལ་གཞིར་བཟུང་ནས་བརྩམས་པ་རེད།
འདིའི་ནང་བོད་ཁ་བ་ཅན་འདིར་གནའ་ནས་ཤེས་རིག་དཔལ་ཡོན་ཇི་ལྟར་དར་བའི་སྐོར་དང་། སྔ་ཕྱིར་བོད་དུ་ལོ་ཙཱའི་སྲོལ་ཇི་ལྟར་དར་བའི་སྐོར། འཕགས་བོད་བརྡ་སྤྲོད་རིག་པ་བྱུང་འཕེལ་གྱི་སྐོར། སམ་བོད་ལོ་ཙཱའི་གཞུང་ལུགས་གྲུབ་ཚུལ་གྱི་སྐོར། བསྟན་པ་ཕྱི་དར་སྐབས་ཀྱི་བོད་ཀྱི་ལོ་ཙཱའི་རིགས་ལམ་ཐད་མཛད་རྗེས་ཆེ་བའི་ལོ་པཎ་འགའི་རྟོགས་པ་བརྗོད་པ། དེང་རབས་ལོ་ཙཱའི་རིགས་ལམ་རྣམ་བཤད། ལོ་ཙཱའི་དཔྱད་བརྗོད་སྐོར་མདོ་ཙམ་གླེང་བ་བཅས་རབ་བྱེད་ཆེན་པོ་དྲུག་ཙམ་གྱི་ཐོག་ནས་བོད་ཀྱི་གནའ་དེང་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་རིགས་ལམ་སོགས་ཀྱི་ཐད་ལ་རྒྱས་བཤད་ཁ་གསལ་གནད་འཕིགས་པ་ཞིག་གནང་ཡོད་པས། དེང་གི་སྐབས་སུ་ལོ་ཙཱའི་བྱ་བ་གཉེར་མཁན་ཚོར་བློ་སྒོ་གསར་དུ་འབྱེད་རྒྱུར་དཔྱད་གཞིའི་རིན་ཐང་ཧ་ཅང་ཆེ་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com