རྔ་བ་རྫོང་གི་སྡེ་བ་སོ་སོས་བཀའ་དྲིན་དྲན་པའི་གླུ་དབྱངས་འགྲན་བསྡུར་བསྟུད་མར་སྤེལ་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།: ཞིན་ཧྭ་དྲ་བ། དུས་ཚོད།:2011-01-22 10:12:00 ཀློག་གྲངས།:


རྔ་བ་རྫོང་གི་སྡེ་བ་སོ་སོས“བཀའ་དྲིན་དྲན་པའི་གླུ་དབྱངས”འགྲན་བསྡུར་བྱེད་བཞིན་པ།

            ཟླ1པའི་ཚེས15ཉིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་དུ“སྡེ་བ་སོ་སོས་བཀའ་དྲིན་དྲན་པའི་གླུ་དབྱངས་ལེན་པའི”འགྲན་བསྡུར་བྱ་འགུལ་སྤེལ།
             “དེ་རིང་ང་ཚོས་བོད་སྐད་ཀྱི་ལམ་ནས་བཀའ་དྲིན་དྲན་པའི་གླུ་དབྱངས་བླངས་ནས་ང་ཚོ་ནམ་ཡང་མེས་རྒྱལ་དང་ཏང་ལ་བློ་དཀར་ཞིང་བཀའ་དྲིན་དྲན་བཞིན་ཡོད་པའི་སེམས་འདུན་བརྗོད།”གླུ་དབྱངས་འགྲན་བསྡུར་ལ་ཞུགས་པའི་སྡེ་མི་ཚེ་རིང་བཀྲ་ཤིས་ཀྱིས་སྤྲོ་སེམས་དང་བཅས་དེ་ལྟར་བརྗོད།
            ཐེངས་འདིའི་འགྲན་བསྡུར་ནི་སྡེ་བ་རེ་རུ་ཁག་རེ་བྱས་ཏེ་རྩ་འཛུགས་བྱས་ཡོད་ཅིང་། བསྡོམས་པས་རུ་ཁག6ཐེངས་འདིའི་འགྲན་བསྡུར་ལ་ཞུགས་ཡོད། འགྲན་བསྡུར་ལ་ཞུགས་པའི་རུ་ཁག་རེ་རེའི་བཀའ་དྲིན་དྲན་པའི་གླུ་དབྱངས3རེ་བླངས་པ་དང་། དེའི་ཁྲོད་དུ《བཀའ་དྲིན་ཤིན་ཏུ་ཆེ》ཞེས་པའི་གླུ་དབྱངས་ཏེ་རུ་ཁག་ཚང་མས་ངེས་པར་དུ་ལེན་དགོས། དུས་ཚོད་གཅིག་ལྷག་གི་རིང་ལ་འགྲན་བསྡུར་བྱས་པ་བརྒྱུད་ནས་ཨང་དང་པོ1དང་། ཨང་གཉིས་པ1  ཨང་གསུམ་པ1བཅས་དང་། བསམ་པའི་དཔལ་ཡོན་ཅན་གྱི་བྱ་དགའ1དང་། རྩ་འཛུགས་བྱ་དགའ2བཅས་གནང་བ་རེད།
             མིག་སྔར། རྔ་བ་རྫོང་གི་ཤང་དང་གྲོང་རྡལ21གི“སྡེ་བ་སོ་སོས་བཀའ་དྲིན་དྲན་པའི་གླུ་དབྱངས”ལེན་པའི་འགྲན་བསྡུར་བྱ་འགུལ་བསྟུད་མར་སྤེལ་བཞིན་ཡོད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།