དངོས་མིན་ཤུལ་བཞག་རིག་གནས་དཔའ་རིས་དམངས་གླུ་བརྒྱུད་ཁྲིད་བསླབ་སྦྱོང་གི་བྱ་འགུལ་སྤེལ།

རྩོམ་པ་པོ།:དཔའ་རིས་བོད་རང་སྐྱོང་རྫོང་བོད་ ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ། དུས་ཚོད།:2011-01-21 10:56:00 ཀློག་གྲངས།:6594


ཡུལ་དངོས།

  2011ལོའི་ཟླ1པའི་ཚེས19ཉིན་གྱི་ཕྱི་དྲོའི་དུས་ཚོད2ལ། དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་ལས་ཤག་གིས་རྫོང་སྲིད་གྲོས་ཀྱི་ཚོགས་ཁང་ནང་དུ་དཔའ་རིས་རིག་གནས་རྒྱུད་ཁྲིད་དང་སྲོལ་རྒྱུན་དཔལ་ཡོན་རྒྱུན་སྐྱོང་ཞེས་བ་བརྗོད་བྱ་གཙོ་བོར་བཞག་པའི་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་དཔའ་རིས་བོད་གླུ་བརྒྱུད་ཁྲིད་ལས་འགུལ་སྤེལ་བ་ཡིན། རྫོང་དཔོན་གཞོན་པ་སངས་རྒྱས་སྲུང་དང་རྫོང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། རིག་གནས་ལུས་རྩལ་ཅུས། མི་རིག་སློབ་འབྲིང་། ལས་རིགས་སློབ་གྲྭ  ཁོངས་གཏོགས་སློབ་ཆུང་སོགས་ལས་ཁུངས་ཀྱི་ཆེད་ལས་མི་སྣ་དང་དཔའ་རིས་བོད་གླུར་མཁས་བའི་དམངས་ཁྲོད་རིག་རྩལ་བ་བཅུ་གཅིག་དང་། དཔའ་རིས་བོད་གླུར་དགའ་བའི་སློབ་མ་བཅུ་གསུམ་ལས་འགུལ་ལ་ཞུགས།


རྒན་རབས་ཀྱིས་ན་གཞོན་རྣམས་ལ་དཔའ་རིས་དམངས་བརྒྱུད་ཁྲིད་གནང་བྱེད་བཞིན་པ།

  ལས་འགུལ་ནི་དཔྱད་གླེང་དང་བརྒྱུད་ཁྲིད་ཀྱི་རྣམ་པ་གཉིས་སུ་བགོས་ཡོད། ཐོག་མར་བོད་སྐད་ཡིག་ལས་ཤག་གི་མགོ་འཛིན་པ་འཇའ་མོ་གནས་བརྟན་ཚེ་རིང་གིས་དཔའ་རིས་དམངས་གླུའི་ད་སྐབས་ཀྱི་གནས་ཚུལ་དང་རིན་ཐང་སོགས་ལ་ངོ་སྤྲོད་བྱས། དེ་རྗེས་དཔའ་རིས་དམངས་གླུའི་རྒྱལ་ཁབ་རིམ་པའི་བརྒྱུད་འཛིན་པ་དཔའ་རིས་བསོད་ནམས་ཚེ་རིང་གིས་དེའི་ཁྱད་ཆོས་དང་མཇུག་ཏུ་ཇི་ལྟར་སྲུང་སྐྱོང་བྱེད་པའི་ཕྱོགས་ལ་གསུང་བཤད་གནང་། རྫོང་དཔོན་གཞོན་པ་སྟི་མུ་སངས་རྒྱས་སྲུང་གིས་གསུང་བཤད་གལ་ཆེན་གནང་བ་སྟེ་རང་རྫོང་གི་དངོས་མིན་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་བྱེད་དགོས་ཚུལ་སོགས་ལ་ལྟ་ཚུལ་གསར་བ་བཏོན། ད་རུང་ཚོགས་ཞུགས་བློ་མཐུན་གཞན་པས་ཀྱང་དཔའ་རིས་དམངས་གླུ་ལ་ས་གནས་དང་ནང་དོན་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལྡན་ཞེས་གསུངས། དཔྱད་གླེང་ཚར་རྗེས་རྒན་རབས་ཚོས་ན་གཞོན་རྣམས་ལ་དཔའ་རིས་དམངས་གླུའི་དབྱངས་རྟ་དང་ནང་དོན་ལ་བརྒྱུད་ཁྲིད་བྱས། སློབ་མ་ཚོས་ནན་ཏན་གྱི་སྒོ་ནས་ཟིན་བྲིས་དང་ངག་རོགས་ཀྱང་བྱས།


ན་གཞོན་སློབ་མས་ནན་ཏན་གྱི་སྒོ་ནས་ངག་རོགས་བྱ་བའི་ཚུལ།

  བོད་སྐད་ཡིག་ལས་ཤག་གིས2008ལོར་དཔའ་རིས་དམངས་གླུ་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་མིང་ཐོ་རེབ་གཉིས་པའི་གྲས་སུ་ཞུགས་རྗེས་ལས་ཤག་གི་ལས་བྱེད་པ་དག་དཔའ་རིས་ཀྱི་ལ་ལུང་ཀུན་དུ་སོང་ནས་གླུ་བ་དང་ལྷ་བོན་སོགས་བཙལ་ཞིང་། དབངས་རྟ་ལྔ་བཅུ་ལྷག་འཚོལ་བསྡུ་བྱས་པ་དང་བོད་གླུ་ནོར་རྗའི་རྒྱ་མཚོ་ཞེས་པ་སྟེ་ཡིག་འབྲུ་ཁྲི་བདུན་ཅུ་ལྷག་ཡོད་པའི་དཔེ་ཆ་བསྒྲིགས། ད་ལོ་རང་རེའི་ལས་ཤག་གིས་དཔའ་རིས་དམངས་གླུ་གཅེས་བསྡུས་ཞེས་བའི་ཡིག་འབྲུ་ཁྲི་སུམ་ཅུ་ལྷག་ཡོད་པའི་བོད་རྒྱ་ཤན་སྦྱར་གྱི་གླུ་དཔེ་ཞིག་བསྒྲིགས། སྤྱི་ལོ2010ལོ་ནས་བཟུང་བོད་སྐད་ཡིག་ལས་ཤག་གིས་བོད་སྐད་སྦྱོང་འདོད་པའི་མི་རྣམས་ལ་བོད་སྐད་སློབ་སྦྱོང་འཛིན་གྲྭ་བཙུགས་ནས་དཔའ་རིས་ཡུལ་སྐད་དང་དམངས་གླུ་དམངས་སྲོལ་བཅས་ཁྲིད་ནས་གྲུབ་འབྲས་ཡག་པོ་ཐོབ།


བོད་སྐད་ཡིག་ལས་ཤག་གི་འགོ་འཛིན་པ་གནས་བརྟན་ཚེ་རིང་གིས་གསུངས་བཤད་གནང་བཞིན་པ།

  བོད་སྐད་ཡིག་ལས་ཤག་གི་འགོ་འཛིན་པ་གནས་བརྟན་ཚེ་རིང་གིས་བསྟན་དོན།  མཇུག་ཏུ་ད་དུང་མུ་མཐུད་དུ་འདི་འདྲའི་བྱ་འགུལ་སྤེལ་ཏེ།དཔའ་རིས་དམངས་གླུའི་འཛིན་སྐྱོང་སྤེལ་གསུམ་ཀྱི་ལས་ལ་དམ་འཛིན་བྱེད་དགོས་ཟེར།


དཔའ་རིས་བོད་གླུར་མཁས་བའི་དམངས་ཁྲོད་རིག་རྩལ་བ་རྣམས།

  དཔའ་རིས་དམངས་གླུ་ནི་དུས་ཡུན་རིང་བོའི་ལོ་རྒྱུས་གྱི་དལ་འབབ་རིང་མོ་བརྒྱུད་དེ་རིམ་གྱིས་འཕེལ་རྒྱས་ཆེན་པོ་བྱུང་ནས་ནང་དོན་ཕུན་སུམ་ཚོགས་ཤིང་རིགས་མང་པོ་འདུས་ཡོད་པས་གངས་ཅན་རིག་པའི་བང་མཛོད་ནང་གི་གཟི་འོད་ལམ་ལམ་དུ་འབར་བཞིན་པའི་རིན་ཆེན་ཞིག་ཏུ་གྱུར་འདུག དཔའ་རིས་དམངས་གླུ་ལ་རིགས་མང་ཞིང་ཞིབ་ཆ་ལྡན་པ་སོགས་ཀྱི་ཁྱད་ཆོས་མང་པོ་ལྡན་པ་མ་ཟད། གང་ལ་གང་འོས་དེ་ལ་དེ་བསྟུན་གྱི་གླུ་ཚིག་འོས་འཚམ་འཇོག་རྒྱུ་ཡོད།   གླུ་ངག་དབྱངས་རྟའང་གཞན་དང་མི་འདྲ་ས་གང་མང་མང་ཡོད།    སྤྱི་ལོ2008ལོའི་ཟླ6པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔའ་རིས་དམངས་གླུ་ནི་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་གྲས་སུ་ཚུད་པའི་ཆོག་མཆན་གནང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།