《ཕ་གཞིས་སངས་རྒྱས་དོན་གྲུབ་ཀྱི་རྩོམ་བཏུས》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས་པ།
《ཕ་གཞིས་སངས་རྒྱས་དོན་གྲུབ་ཀྱི་རྩོམ་བཏུས》ཀྱི་མདུན་ཤོག
ཉེ་ཆར། 《ཕ་གཞིས་སངས་རྒྱས་དོན་གྲུབ་ཀྱི་རྩོམ་བཏུས》ཞེས་པའི་དཔེ་གསར་འདི་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། ཕ་གཞིས་སངས་རྒྱས་དོན་གྲུབ་ཀྱི་ཆུང་མས་ཁོ་ལ་རྗེས་དྲན་གྱི་ཚུལ་དུ་ལེགས་སྒྲིག་དང་པར་སྐྲུན་བྱས་པའི་དཔེ་དེབ་ཅིག་རེད།
རྩོམ་བཏུས་འདི་ལེ་ཚན་ལྔ་རུ་བཀར་ཡོད་དེ། ལྷུག་རྩོམ་དང་། སྙན་ངག གཞས་ཚིག ཉིན་ཐོའམ་ཟིན་བྲིས། བརྙན་འཕྲིན་ཤིས་ཚིག་བཅས་ཡིན་ཞིང་། རྩོམ་པ་པོའི་འཇིག་རྟེན་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་སོགས་གཅིག་བསྡུས་བྱས་ཡོད་པ་དང་། བརྗོད་བྱའི་ནང་དོན་ཕུན་སུམ་ཚོགས་ལ། སྒྱུ་རྩལ་རང་བཞིན་དང་རྩོམ་རིག་རང་བཞིན་སོགས་ཅུང་མཐོ་ཞིང་ཀློག་རིན་ཡོད་པ་ཞིག་རེད།
ཕ་གཞིས་སངས་རྒྱས་དོན་གྲུབ་ནི་མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱི་སྐད་བསྒྱུར་བ་དང་། བརྙན་འཕྲིན་གྱི་མདོ་འཛིན་པ། མིང་དུ་གྲགས་པའི་རྡུང་ལེན་པ། ན་གཞོན་རྩོམ་པ་པོ་ཞིག་ཡིན་ཞིང་། མཚོ་སྔོན་བརྙན་འཕྲིན་ཁང་ནས་བྱ་བ་སྒྲུབ་པའི་ལོ་ངོ14ནང་། སྐད་བསྒྱུར་གྱི་ལས་ལ་ཞུགས་པ་མ་ཟད། རང་ཉིད་ཀྱི་བྱ་འགན་མིན་པའི་ལས་གཞི་སྣ་ཚོགས་ལ་ཞུགས་ཏེ་འགོ་ཁྲིད་དང་ལས་གྲོགས་རྣམས་ཀྱི་གཟེངས་བསྟོད་མི་དམན་པ་ཐོབ་པ་རེད། གཞན་ད་དུང་རྡུང་ལེན་སྒྱུ་རྩལ་གྱི་ལས་ལ་བརྩོན་ཏེ་ཆེད་བསྒྲིགས་འོད་སྡེར་སྤེལ་ཞིང་། ལྷག་པར་དུ་བརྙན་འཕྲིན་གླུ་གཞས《རྣམ་རྒྱལ་ཚེ་ལོ》ལ་རྒྱ་ཆེ་བའི་མང་ཚོགས་ཀྱིས་དགའ་བསུ་མི་དམན་པ་ཐོབ་ཡོད།
ཕ་གཞིས་སངས་རྒྱས་དོན་གྲུབ་ཁོང་ཉིད་འཚོ་བཞུགས་སྐབས་སུ། ཆེས་བརྗེད་དཀའ་བའམ་དོན་སྙིང་ལྡན་པ་ཞིག་ནི་གཟའ་མཇུག་གི་དུས་ཚོད་བེད་སྤྱད་དེ་མཚོ་སྔོན་མི་རིགས་སློབ་གླིང་དུ་བོད་ཡིག་ཆེད་སྦྱོང་འཛིན་གྲྭ་བསྡུས་ཤིང་། ཟི་ལིང་གི་བོད་རིགས་བྱིས་པ་རྣམས་ལ་བོད་སྐད་ཡིག་བསླབ་གཞི་ཁྲིད་སྦྱོང་བྱས་པ་དེ་རེད། འདིས་མི་རིགས་སློབ་གསོ་ལ་སྔར་ལས་སྒུལ་ཤུགས་གསར་བ་བཏོན་པ་དང་ཡར་བསྐྱེད་ཀྱི་འདུ་ཤེས་དྲག་པོ་ཞིག་སྐྲུན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com