མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་གི་རྒན་ཀུན་དགའ་ལགས་ལྗར་པན་དུ་འཆད་འཁྲིད་གནང་བ།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:མཚོ་སྔོན་མི་རིགས་སློབ་ཆེན། དུས་ཚོད།:2011-01-19 11:37:00 ཀློག་གྲངས།:


འབུམ་རམས་པ་དགེ་རྒན་ཀུན་དགའ་ལགས་ཀྱིས་འཆད་འཁྲིད་གནང་བཞིན་པ།

  སྤྱི་ལོ2010ལོའི་ཟླ11པའི་ཚེས28ཉིན། ལྗར་པན་ཏཱ་ཀུའུ་སློབ་ཆེན་གྱིས་གདན་དྲངས་པ་ལྟར། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་གི་འབུམ་རམས་པ་རྒན་ཀུན་དགའ་ལགས་ལྗར་པན་དུ་བསྐྱོད་དེ། “རྒྱལ་ནང་གི་བོད་རིག་པ་ཞིབ་འཇུག་གི་གནས་བབ་དང་གྲུབ་འབྲས། ” “དུས་རབས་བཅུ་གཅིག་པའི་བོད་ཀྱི་རྣལ་འབྱོར་བ་མི་ལ་རས་པར་ཞིབ་འཇུག ”﹙འབུམ་རམས་པའི་དཔྱད་རྩོམ﹚བཅས་བརྗོད་གཞིར་བྱས་ཏེ་ཟླ་གཅིག་རིང་ལ་རིག་གཞུང་གི་འཆད་འཁྲིད་གནང་བ་རེད།
  ལྗར་པན་དུ་སྡོད་པའི་རིང་དུ། ཏཱ་ཀུའུ་སློབ་ཆེན་དང་བོད་རིག་པ་ཞིབ་འཇུག་ལས་ཁུངས་ཀྱི་ཆེད་ལས་མཁས་པ་དང་དགེ་རྒན་ཆེན་མོ་སོགས་ཀྱིས་རྗེས་སུ་ཡི་རང་བྱེད་ཀྱི་ཡོད་པ་མ་ཟད། རྒྱལ་སྤྱིའི་བོད་རིག་པའི་ཆེད་ལས་མཁས་པ་སྐུ་ཞབས་ཁམས་མགར་ཚུལ་ཁྲིམས་དང་ལྗར་པན་ཏཱ་ཀུའུ་ཀྲིན་ཙུང་སྣ་འཛོམས་ཞིབ་འཇུག་ཁང་གི་འབྲེལ་ཡོད་ཆེད་མཁས་པ་རྣམས་དང་ཕན་ཚུན་འབྲེལ་འདྲིས་དང་བསམ་ཚུལ་བརྗེ་རེས་གནང་བ་དང་། སློབ་གྲྭ་གཉིས་ཀྱིས་ཕན་ཚུན་ཆེད་མཁས་པ་མངགས་ནས་འཆད་འཁྲིད་དང་། སློབ་མས་སློབ་སྦྱོང་སྐོར་ནས་བརྗེ་རེས་བྱེད་པ་སོགས་ཀྱི་ཕྱོགས་ནས་ཐོག་དང་པོར་ངོས་འཛིན་གཅིག་མཐུན་བྱུང་།
  དེ་སྔོན་ལ་ལྗར་པན་ཏཱ་ཀུའུ་སློབ་ཆེན་གྱིས་བོད་རིག་པའི་འབུམ་རམས་པ་ཟླ་བ་བཅས་མི་ལྔ་སློབ་གྲྭ་འདིར་གདན་དྲངས་ནས་འཆད་འཁྲིད་གནང་བར་དགའ་བསུ་དང་རེ་སྒུག་བྱས། སློབ་གྲྭ་གཉིས་ཀྱི་རིག་གཞུང་བརྗེ་རེས་གཏིང་ཇེ་ཟབ་ཏུ་འགྲོ་བ་དང་བསྟུན་ནས། ཕྱོགས་གཉིས་ཀྱི་བོད་རིག་པ་ཞིབ་འཇུག་དང་། སློབ་གསོ་སློབ་འཁྲིད་བཅོས་བསྒྱུར་སོགས་ཀྱི་ཐད་ལ་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་ངེས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།