2011ལོར་ནག་ཆུ་རུ“《གེ་སར》སྒྲུང་པའི་ཁྱིམ་གཞི”ཡི་སྒོ་བྱང་དགལ་རྒྱུ་ཡིན་པ།
2011ལོའི་ལོ་འགོར་བོད་ལྗོངས་ནག་ཆུ་རུ“《གེ་སར》སྒྲུང་པའི་ཁྱིམ་གཞི”ཡི་སྒོ་བྱང་དགལ་རྒྱུ་རེད།
རྒྱལ་ཡོངས《གེ་སར》བྱ་བའི་མགོ་ཁྲིད་ཚན་ཆུང་གི་གཞུང་ལས་ཁང་གི་ཀྲུའུ་རིན་ནོར་བུ་དབང་ལྡན་གྱིས་ཉེ་སྔོན་གསར་འགོད་པར་བཤད་རྒྱུར། ཟླ་12པའི་ཚེས2ཉིན་རྒྱལ་ཡོངས་ཀྱི་ཆེས་ཐོག་མའི“སྒྲུང་པའི་ཁྱིམ་གཞི”དེ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་བཙུགས་ཤིང་། མགོ་ལོག་ཁུལ་གྱི“སྒྲུང་པའི་ཁྱིམ་གཞི”དེ་མ་དཔེ་བཞག་ནས་2011ལོའི་ལོ་འགོར་བསྟུད་མར་བོད་ལྗོངས་ཀྱི་ནག་ཆུ་དང་ཆབ་མདོ། དེ་མིན་མཚོ་སྔོན་གྱི་ཡུལ་ཤུལ་དང་ཀན་སུའུ་ཀན་ལྷོ། སི་ཁྲོན་དཀར་མཛེས་བཅས་སུ“སྒྲུང་པའི་ཁྱིམ་གཞི”ལྔ་ནས་དྲུག་བར་འཛུགས་རྩིས་ཡོད།
ཐོག་མར་རགས་རྩིས་བྱས་ན་བྱ་བ་ཡོངས་རྫོགས་སང་ལོའི་ཟླ6པའི་སྔོན་ལ་ལེགས་འགྲུབ་འབྱུང་རྒྱུ་རེད། མཚམས་སྦྱོར་བྱས་པ་ལྟར་ན། “སྒྲུང་པའི་ཁྱིམ་གཞི”བཙུགས་པ་ལས་གེ་སར་སྒྲུང་པར་བསམ་བློ་བརྗེ་རེས་བྱེད་སའི་སྟེགས་བུ་ཞིག་འདོན་སྤྲོད་བྱས་ཤིང་། 《གེ་སར》སྐོར་གྱི་དཔྱད་གཞི་ཡིག་ཆ་དང་སྲུང་སྐྱོང་། བརྗེ་སྤེལ། འགྲེམ་སྟོན་བཅས་ཀྱི་ལྟེ་གནས་སུ་གྱུར་ཡོད་ལ། གེ་སར་རིག་གནས་ཞིབ་འཇུག་དང་སྲུང་སྐྱོབ། རྒྱུན་འཛིན། གོང་སྤེལ་བཅས་ལ་སྐུལ་འདེད་བྱེད་པར་དོན་སྙིང་གལ་ཆེན་ལྡན། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com