མ་འོངས་ལོ་ལྔའི་ནང་བོད་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་སློབ་གསོ་སྙོམས་པར་བརྩོན་རྒྱུ་ཡིན་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།: མཚོ་སྔོན་པོ་དྲ་བ། དུས་ཚོད།:2010-12-21 11:09:00 ཀློག་གྲངས།:
              འབྲེལ་ཡོད་ལས་ཁུངས་ལས་ཤེས་རྟོགས་བྱས་པ་ལྟར་ན།  བོད་ལྗོངས་ཞིང་འབྲོག་ས་ཁུལ་ལྟེ་བར་བཟུང་ཞིང་སློབ་གསོ་དོ་མཉམ་ཡོང་ཆེད།  བོད་ལྗོངས་ཀྱིས་སློབ་གྲྭ་འཛུགས་པ་དང་། དགེ་རྒན་བཀོད་སྒྲིག་བྱེད་པ།   ནོར་སྲིད་ཐད་ནས་མ་དངུལ་གཏོང་བ་སོགས་བྱས་ཏེ།  ཚད་མཐོ་བའི་སྒོ་ནས་སློབ་གསོ་སྙོམས་སྒྲིག་གི་བྱ་བ་འགན་འཛིན་བྱེད་ཀྱི་ཡོད་པ་རེད།
               སློབ་གསོའི་ཐད་ནས་དོ་མཉམ་དུ་བྱེད་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་སློབ་གསོའི་སྒྲིག་ཆས་དང་།  དགེ་རྒན་གྱི་དཔུང་སྡེ།  དཔེ་དེབ་དང་དཔྱད་གཞི་ཡིག་ཆ་སོགས་ཀྱི་ཐོན་ཁུངས་ཆ་མི་སྙོམས་པར་སྣང་བས།   འོས་འགན་སློབ་གསོ་དོ་མཉམ་ངང་སྤེལ་པར་འགོག་རྐྱེན་བཟོས་པ་རེད། དེར་བརྟེན།  བོད་ལྗོངས་ཀྱིས་མ་དངུལ་གཏོང་རྒྱུ་དང་།  སྲིད་ཇུས།   ལམ་ལུགས་སོགས་ཀྱི་ཐབས་ལམ་བརྒྱུད་དེ་སློབ་གསོ་དོ་མཉམ་ཡོང་བར་བརྩོན་ལེན་བྱེད་པ་སྟེ། དགེ་རྒན་གྱི་དཔུང་སྡེའི་ཐད་ནས་ཟླ་ཕོག་དང་གོ་མིང་།  དུས་བཀག་ནང་ལུགས་མཐུན་ངང་བརྗེ་རེས་བྱེད་པའི་ཐབས་ལམ་སྙེགས་ཤིང་།    སློབ་གསོའི་སྒྲིག་ཆས་དང་།     སློབ་ཁང་གི་བདེ་འཇགས།    དཔེ་དེབ།    ལུས་རྩལ་ཐང་གི་བཀོད་པ་དང་སྒྲིག་ཆས་སོགས་སློབ་ཁྲིད་ཀྱི་ཐོན་ཁུངས་འཛུགས་སྐྲུན་ལ་གང་ལེགས་གང་འཚམས་ཀྱིས་ཡར་སྤེལ་བྱེད་རྒྱུ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།