ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་ཀན་སུའུ་ཞིང་ཆེན་གྱི་དཔེ་རྙིང་སྲུང་སྐྱོབ་སྡེ་ཁག་གཙོ་གྲས

རྩོམ་པ་པོ།:མིང་མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་རིག་པའི་དྲ་བ། དུས་ཚོད།:2010-12-13 10:42:00 ཀློག་གྲངས།:


ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་དུ་ཉར་བའི་གནའ་ཡིག་གསེར་བྲིས་མ།

  ཉེ་སྔོན།  ཀན་སུའུ་ཞིང་ཆེན་གྱི་དཔེ་རྙིང་སྲུང་སྐྱོབ་ཚོགས་འདུའི་སྟེང་།ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་ལ་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་བརྒྱུད་ཀན་སུའུ་ཞིང་ཆེན་གྱི་སྐོར་ཁག་དང་པོའི་དཔེ་རྙིང་སྲུང་སྐྱོབ་སྡེ་ཁག་གཙོ་བོའི་གྲས་སུ་བདམས་པ་དང་མཚན་རྟགས་ཀྱི་སྒོ་བྱང་ཡང་གནངས་པ་རེད།


ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་དུ་ཉར་བའི་གནའ་དཔེ།

  དཔེ་མཛོད་ཁང་གི་འབྲེལ་ཡོད་འགན་འཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་ཀན་སུའུ་ཞིང་ཆེན་གྱི་སྐོར་ཁག་དང་པོའི་དཔེ་རྙིང་སྲུང་སྐྱོབ་སྡེ་ཁག་གཙོ་བོའི་གྲས་སུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་དཔེ་མཛོད་ཁང་དང་ཀན་ལྷོ་བསང་ཆུ་རྫོང་བླ་བྲང་དགོན་པའི་དཔེ་མཛོད་ལྷ་ཁང་།ཀན་སུའུ་ཞིང་ཆེན་དཔེ་མཛོད་ཁང་བཅས་ལས་ཁུངས་བཅུ་བདམས་ཐོན་བྱུང་ཡོད་པ་དང་།དེའི་ནང་ནུབ་བྱང་མི་རིགས་སློབ་ཆེན་གྱི་དཔེ་མཛོད་ཁང་གིས་སྙན་ཞུ་གནང་བའི་དཔེ་རྙིང་སྣ་ཁ་ཉེར་དྲུག་པོ་ཚང་མ་ཀན་སུའུ་ཞིང་ཆེན་གྱི་དཔེ་རྙིང་སྲུང་སྐྱོབ་དཀར་ཆག་ཏུ་བཀོད་པ་དང་།དེའི་ནང་བོད་ཡིག་གི་དཔེ་རྙིང་སྣ་བཅུ་བདུན་དང་རྒྱ་ཡིག་གི་དཔེ་རྙིང་སྣ་དགུ་ཡོད་པ་རེད།


ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་གནང་བའི་
ཀན་སུའུ་ཞིང་ཆེན་རིམ་པའི་དཔེ་རྙིང་སྲུང་སྐྱོབ་སྡེ་ཁག་གཙོ་བོའི་མཚན་རྟགས།

  ནུབ་བྱང་མི་རིགས་སློབ་ཆེན་གྱི་དཔེ་མཛོད་ཁང་དུ་བོད་ཡིག་གི་དཔེ་རྙིང་གཙོ་བྱས་པའི་མི་རིགས་གཞན་གྱི་དཔེ་རྙིང་མང་པོ་བདག་ཉར་སྲུང་སྐྱོབ་བྱས་ཡོད་ཅིང་།ཉེ་བའི་ལོ་འགའི་རིང་ཆེད་མཁས་པས་རྒྱུས་ལོན་དང་ཞིབ་འཇུག་བྱས་པ་ལྟར་ན་རང་རྒྱལ་གྱི་མཐོ་རིམ་སློབ་ཆེན་ཁག་ཏུ་དཔེ་རྙིང་བདག་གཉེར་དོ་དམ་བྱས་པ་ཆེས་སྔོན་ཐོན་དང་གྲུབ་འབྲས་ཅན། དཔེ་སྣ་མང་བ། དཔེ་གྲངས་མང་བ་ནི་ནུབ་བྱང་མི་རིགས་སློབ་ཆེན་གྱི་དཔེ་མཛོད་ཁང་ཡིན་པ་ཁས་ལེན་གནང་ཡོད་པ་དང་། ནུབ་བྱང་མི་རིགས་སློབ་ཆེན་དཔེ་མཛོད་ཁང་གི་ལས་བྱེད་མི་སྣ་རྣམས་ཀྱིས་ཀྱང་དུས་རྒྱུན་དཀའ་བ་མང་པོ་ཁྱད་དུ་བསད་ནས་དཔེ་རྙིང་བདག་གཉེར་དོ་དམ། དཔེ་རྙིང་སྔོག་འདོན། དཔེ་རྙིང་རྩོམ་སྒྲིག་བཅས་ཀྱི་ཐད་ལ་ནུས་པ་བླ་ལྷག་གནང་རྒྱུའི་ཆོད་སེམས་བརྟན་པོ་བཅངས་འདུག གཞན་མི་རིགས་ཀྱི་དཔེ་རྙིང་སྣ་ཚོགས་ལ་སྲུང་སྐྱོབ་བྱེད་པ་ནི་མི་རིགས་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་བྱེད་པ་དང་གཅིག་མཚུངས་ཡིན་པས་ཁོང་ཚོས་མུ་མཐུད་དུ་དཔེ་རྙིང་སྲུང་སྐྱོབ་ཐད་རང་ནུས་གང་ཡོད་འདོན་རྒྱུ་ནི་མཐར་ཐུག་གི་དམིགས་ཡུལ་ཡིན་ཞེས་གསུང་གི་འདུག

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།